༢༠༡༤ ཟླ་ ༧ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གྲངས་གཉིས་ལ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱག་རྟགས་ཕུལ་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི།
༡༽ ནང་སྲིད་ཁྱབ་ཁོངས་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་ལགས་ནི།
ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༡ ནས་གནས་དགུ་པ་གཞོན་དྲུང་ཐོག་ཀོ་ལེ་གྷལ་ལས་དྲུང་དུ་བསྐོ་གཞག་གནང་བ་དང༌། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༤ ཟླ ༣ ཚེས་ ༡ ནས་ལས་ཁུངས་དོ་དམ་པར་གནས་སྤར་ཐོག་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༣ ནས་གནས་རིམ་རང་འཇགས་ཐོག་ཧོན་སུར་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༢༥ ནས་སྡེ་ཚན་འགན་འཛིན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༡༩ ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་༢ ཚེས་ ༢༤ ནས་དྲུང་གཞོན་ལས་རོགས་གནས་རིམ་ཐོག་གནས་སྤར་གྱིས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་མཉམ་དྲུང་དུ་གནས་སྤོས།
ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༢༡ ནས་གནས་རིམ་རང་འཇགས་ཐོག་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡༨ ནས་བདེ་སྐྱིད་སླར་གསོ་གཞིས་ཆགས་ས་གནས་འགོ་འཛིན་དུ་བསྐོ་བཞག ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༢༣ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༣ ནས་བསྟན་འཛིན་སྒང་དང་འབུམ་ལ་ས་གནས་འགོ་འཛིན་དུ་གནས་སྤོས་བསྐོ་བཞག་གནང་ཡང་ལས་བཅར་ཞུ་དགོས་བྱུང་མེད། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༡ ནས་ལོ་ ༢ རིང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་དུ་ཞབས་གཡར་བསྐོ་བཞག ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡ ནས་སླར་ཡང་ཟླ་ ༣ རིང་སྡེ་ཚན་དེ་རང་དུ་ཞབས་གཡར་འཕར་འགྱངས། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡ ནས་དཔལ་འབྱོར་ལས་ཁུངས་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༦ ནས་མན་སྤར་ཕན་བདེ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༢ ནས་ཞབས་ལོའི་ཆ་ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༤ ནས་སྒང་ཏོག་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ ནས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་ས་གནས་འགོ་འཛིན་དུ་གནས་སྤོས་ཀྱི་ལས་ཞབས་ཞུ་མུས་སུ་ཁྱོན་ཞབས་ལོ་ ༢༥ རིང་གཞུང་མང་གི་ཞབས་འདེགས་ཞུས་གནང་འདུག
༡༽ ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནི།
ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༢༠ ནས་གནས་བརྒྱད་པ་ཐོག་ལྡི་ལི་དོན་གཅོད་ཆབ་སྲིད་སྡེ་ཚན་གྱི་རྒན་དྲུང་དུབསྐོ་གཞག་གནང་བ་དང༌། ཕྱི་ལོ་ ༡༩༩༠ ཟླ་ ༩ ཚེས་ ༣ ནས་གནས་བདུན་པ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་གཞོན་དུ་གནས་སྤར་དང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༨ ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་ལོ་ ༡ རིང་ཨ་རིར་གཞུང་འབྲེལ་སློབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་སུ་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་ཀྱི་འབྲེལ་མཐུད་འགན་འཛིན་དུ་བསྐོ་གཞག ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡ ནས་གནས་རང་འཇགས་ཐོག་ལྡི་ལི་དོན་ཁང་གི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༩ ནས་དྲུང་འཕར་དུ་གནས་སྤར་གྱིས་ཕྱི་དྲིལ་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༩ ནས་དྲུང་ཡིག་ཆེན་མོར་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༢ ནས་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་དུ་གནས་སྤོས་བསྐོ་གཞག ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢ ནས་ཕྱི་དྲིལ་ལས་ཁུངས་སུ་ཕྱི་འབྲེལ་དྲུང་ཆེར་དུ་གནས་སྤོས་ཀྱིས་ལས་ཞབས་ཞུ་མུས་སུ་ཁྱོན་ཞབས་ལོ་ ༢༥ ལྷག་རིང་གཞུང་མང་གི་ཞབས་འདེགས་ཞུས་གནང་འདུག