༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༣༡ རེས་གཟའ་སྤེན་པ།
༄༅། །དཔལ་ལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༣༠ ཕྱི་དྲོ་རྡ་ས་ནས་ས་ཐོག་བརྒྱུད་དེཧ་རཱ་ལྡུན་དུ་ཕེབས་ཐོན་གྱིས་ཕེབས་ལམ་དུ་ཕེབས་བཞུགས་གནང་རྒྱུ། ཟླ་ ༡༠ ཚེས་ ༣༡ ཉིན་མུ་མཐུད་ནས་ཕེབས་ཏེ་དེཧརདན་དུ་ཕེབས་འབྱོར་གྱིས་དེཧ་རཱ་ལྡུན་ཁུལ་དུ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་དུ་ཚོགས་ཞུགས་གནང་རྒྱུ་དང་ཕྱི་ཟླ་ ༡༡ ཚེས་ ༡ ས་ཐོག་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་སོ།