༢༠༡༤ ཟླ་ ༧ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ནས་ ༡༤ བར། སྦེང་ལོར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་གནང་བའི་བོད་ཀྱི་དུས་སྟོན་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་དང་། ཀོ་ལི་གྷལ་མང་ཚོགས་ལ་གསུང་བཤད། དེ་བཞིན་ལ་དྭགས་དུས་འཁོར་དབང་ཆེན་དུ་ཕེབས་ཞུགས་གནང་རྒྱུ་སོགས་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཟླ་ ༧ ཚེས་ ༦ ཉིན་རྡ་ས་ནས་ཕེབས་ཐོན་གནང་རྒྱུ། ཕྱི་་ཚེས་ ༧ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སྦེང་ལོར་ཕེབས་འབྱོར་གྱིས་བོད་ཀྱི་དུས་སྟོན་མཇུག་བསྡོམས་མཛད་སྒོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༨ ཉིན་ཀོ་ལི་གྷལ་མང་ཚོགས་ལ་གསུང་བཤད་དང་། ཕྱི་ཚེས་ ༩ ཉིན་བྷེང་ལོར་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༠ ཉིན་ལྡི་ལི་ནས་ལ་དྭགས་སླེར་ཕེབས་ཐོན། ཕྱི་ཚེས་ ༡༠ ནས་ ༡༣ བར་ལ་དྭགས་ཁུལ་དུ་ལས་རིམ་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་སླེ་ནས་ལྡི་ལི་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།