༢༠༡༤ ཟླ་ ༥ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༢ ནས་ ༡༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེས་མཐོའི་མི་སྣ་ཁག་གཅིག་མཇལ་འཕྲད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་སྲིད་སྐྱོང་མཆོག་གྷ་གལ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ ནས་ ༡༤ བར་ལྡི་ལིར་ལས་འཆར་ཁག་གྲུབ་མཚམས་ ཕྱི་ཚེས་ ༡༥ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་དང་། དེ་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།