༄༅། །འདི་གར་སྦིར་ནང་ཆེན་ཅོན་ཏ་ར་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་དྲིལ་ལས་ཁུངས་ནས་ཟླ་རེ་བཞིན་བརྙན་འཕྲིན་འོད་སྡེར་རིན་མེད་ཐོག་འགྲེམས་སྤེལ་གནང་འབྱོར་བྱུང་བ་རྣམས་མང་ཚོགས་ལ་གཡར་པོ་ཞུ་དགོས་ཞུ་བཞིན་ཡོད། དེ་བཞིན་དགོན་སྡེ་དང་། སློབ་གྲྭ གཞིས་ཆགས་བཅས་སུ་རྒྱལ་སྤྱིའི་ཆབ་སྲིད་དང་བོད་དོན་སྐོར་མང་ཚོགས་ཀྱི་ཚོགས་འདུ་སྐབས་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བཞིན་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་ཐེངས་ ༥༥ ཐོག་ཅོན་ཏ་ར་དང་། སྦིར། བཀྲ་ཤིས་ལྗོངས་ཁུལ་གྱི་དགོན་པའི་དགེ་འདུན་པ་དང་། སློབ་ཕྲུག མི་མང་བཅས་ཅོན་ཏ་ར་རྒྱ་གར་སློབ་གྲྭའི་ཐང་ཆེན་དུ་མཛད་སྒོ་ཚོགས་སྐབས་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐ་ཀུར་གྷུ་ལབ་སིངྒ་(Shri Thakur Gulab Singh) ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པན་ཀ་ཇི་ཇཱམ་ཝལ་(Mr.Pankaj Jamwal) ལགས། སྐུ་ཞབས་དྷེ་ནིཀ་རཱམ་(Mr.Dainik Ram) ལགས་བཅས་གདན་ཞུ་གནང་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་ཞིག་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། དེའི་ནང་ཚོགས་མི་ཁྱོན་མི་གྲངས་ ༩༠ དང་། རྒྱུན་ལས་མི་གྲངས་ ༡༤ བཅས་ཡོད།
གསར་གནས།

འབྲེལ་གནས།
