༢༠༡༤ ཟླ་ ༥ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༢༠༡༣ རྒྱལ་སྤྱིའི་ཆབ་སྲིད་ཐོབ་ཐང་དང་གནས་སྟངས་གུ་ཡངས་ཞེས་པའི་སྙན་ཐོ་ཕྱི་ལོ་ ༢༠༡༤ ལོར་འདོན་སྤེལ་གནང་བའི་ནང་བོད་ཀྱི་ཆབ་སྲིད་ཐོབ་ཐང་དང་སྤྱི་དམངས་གུ་ཡངས་ཀྱི་གནད་དོན་ཆེས་ཞན་པོ་ཡིན་སྐོར་གསལ་སྟོན་གནང་འདུག
དེ་ཡང་རང་དབང་ཁང་པའི་ངོས་ནས་རྒྱལ་ཁབ་འདྲ་མིན་གྱི་ཆབ་སྲིད་གནས་སྟངས་དང་སྤྱི་དམངས་གུ་ཡངས་ཀྱི་གནས་སྟངས་ལ་གཞིགས་ཏེ་གྲངས་ཚད་ ༡ ནས་ ༧ བར་ཨང་རིམ་སྤྲད་ནས་ས་ཁུལ་སོ་སོའི་རང་དབང་གི་གནས་སྟངས་གསལ་སྟོན་གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ལོའི་སྙན་ཐོའི་ནང་རྒྱལ་ཁབ་འདྲ་མི་ ༡༩༥ དང་ས་ཁུལ་འདྲ་མིན་ཁག་ ༡༤ གནས་སྟངས་གསལ་སྟོན་གནང་ཡོད་པའི་ཁོངས་སུ་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་ནང་ཆབ་སྲིད་ཀྱི་ཐོབ་ཐང་དང་སྤྱི་དམངས་ཀྱི་གུ་ཡངས་གཉིས་ཀ་གྲངས་ཚད་བདུན་གྱི་ཐོག་ནས་ཆེས་ཞན་ཤོས་ཡིན་སྐོར་གསལ་སྟོན་གནང་འདུག
སྤྱིར་བཏང་ཨ་རིའི་རང་དབང་ཁང་པས་འདོན་སྤེལ་གནང་བའི་ཕྱི་ལོ་ ༢༠༡༤ སྙན་ཐོ་དེ་བཞིན་མང་གཙོའི་འགོ་ཁྲིད་རྣམ་པས་མང་གཙོའི་འགན་ཁུར་གྱི་བར་ཐག་ཅེས་པའི་བརྗོད་དོན་འོག་རྒྱལ་ཁབ་དང་ས་ཁུལ་སོ་སོའི་ཆབ་སྲིད་ཀྱི་ཐོབ་ཐང་དང་སྤྱི་དམངས་གུ་ཡངས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཡིན་འདུག་པ་བཅས། །
བོད་ཀྱི་ཆབ་སྲིད་ཐོབ་ཐང་དང་སྤྱི་དམངས་གུ་ཡངས་ཀྱི་གནད་དོན་ཆེས་ཞན་པོ་ཡིན་སྐོར་གསལ་སྟོན་གནང་བ།
གསར་གནས།

འབྲེལ་གནས།
