༢༠༡༤ ཟླ་ ༥ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ནས་ལོ་ལྟར་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། འཛིན་རིམ་སོ་སོ་ནས་བོད་ཡིག་གི་ཡིག་གཟུགས་རྩེ་ཕུད་གསུམ་རེ་འདེམས་སྒྲུག་གིས་བྱ་དགའ་དང་སྦྲགས་ཡིག་གཟུགས་རྩེ་ཕུད་ཀྱི་བྲིས་ཤོག་རྣམས་ལ་འགྱིག་ཤོག་གིས་འཐུམ་བརྒྱབ་སྟེ། གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་དོ་དབྱིངས་དང་སྤྲོ་བ་བརྟས་ཕྱིར་སློབ་གྲྭ་ཁག་ལ་འགྲེམས་སྟོན་གོ་སྒྲིག་ཞུས་ཏེ། ལྷོ་ཁུལ་སློབ་གྲྭ་ཁག་དང་རྡེ་ར་ལྡུན། རྡ་ས་ཁུལ་སློབ་གྲྭ་ཁག་གི་ནང་འགྲེམས་སྟོན་ཞུས་ཟིན་པ་དང་། ད་ཆ་བལ་ཡུལ་དང་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་དགུའི་རིགས་ལམ་འདུ་འཛོམས་ཐེངས་བཞི་པ་བསུ་ན་མདའ་གཞིས་ཆགས་སུ་གོ་སྒྲིག་ཞུ་རྒྱུའི་ལས་དོན་དང་སྦྲགས། ཕྱི་ཚེས་ ༡ ཉིན་ཤེས་རིག་ཤེས་ཡོན་འགན་འཛིན་གཉིས་ཀྱིས་བསུ་ན་མདའ་ཉིན་སློབ་ཏུ་བོད་ཡིག་གི་ཡིག་གཟུགས་རྩེ་ཕུད་བྲིས་ཤོག་ ༩༦ ཙམ་འགྲེམས་སྟོན་ཞུས། འགྲེམས་སྟོན་སྐབས་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ་ཕྲུག་རྣམས་ནས་དོ་དབྱིངས་ཆེན་པོའི་ཐོག་ནས་ཡིག་གཟུགས་ཀྱི་བྲིས་ཤོག་རྣམས་ལ་ལྟ་ཞིབ་གནང་བའི་བརྒྱུད་བློ་བསྐྱེད་གང་ཙམ་ཞིག་ཐོབ་ཡོད་པའི་རེ་བ་དང་། དེ་རྗེས་རྡོར་གླིང་གཏན་སློབ་དང་ཀ་སྦུག་གཏན་སློབ་གཉིས་ཀྱི་རེག་ཊར་བརྒྱུད་རིགས་ལམ་འདུ་འཛོམས་ཐེངས་བཞི་པ་མཇུག་མ་བསྒྲིལ་གོང་དེ་ཁུལ་གྱི་སློབ་གྲྭ་ཁག་ནང་འགྲེམས་སྟོན་ཞུ་འཆར་ཡོད་འདུག་པ་བཅས།
གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ནང་རྩེ་ཕུད་རྣམས་འགྲེམས་སྟོན་ཞུ་བཞིན་པ།
གསར་གནས།

འབྲེལ་གནས།
