༢༠༡༣ ཟླ་ ༤ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༤ ཟླ་ ༤ ཚེས་ ༢༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༡ རེས་གཟའ་ཟླ་བའི་དགོང་དྲོར། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་ནང་ཆོས་ལུགས་རིས་མེད་ཁག་གི་བླ་སྤྲུལ་དགེ་འདུན་རྣམ་པ་དང་། ས་གནས་བོད་མི་བཅས་མི་གྲངས་སུམ་ཅུ་ཙམ་མཉམ་འཛོམས་གནང་སྟེ་རྒྱལ་གཅེས་པའི་བདུན་ཚིགས་དང་པོའི་མཆོད་འབུལ་སྨོན་ལམ་ཞིག་གསུང་འདོན་གནང་། དེ་ཡང་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་དམར་པོའི་གཞུང་གིས་མུ་མཐུད་བོད་ས་ཁྱོན་ཡོངས་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ངན་པ་སྤེལ་བཞིན་ཡོད་པ་དེར་ས་གནས་བོད་མི་རྣམས་ཀྱིས་རྣམ་པ་མི་འདྲ་བའི་ཞི་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་ཁོངས། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་བོད་དཀར་མཛེས་ཁུལ་རྟའུ་རྫོང་ཁོངས་གང་གསར་ཤང་གི་ཉེ་འགྲམ་དུ་རང་ལོ་ ༣༢ ལ་སོན་པའི་རང་རིགས་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་དེ་ཉིན་འདས་གྲོངས་སུ་གྱུར་བའི་བདུན་ཚིགས་དང་པོ་དང་།
དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་འབའ་ཐང་ཁུལ་དུ་རང་ལོ་སུམ་ཅུ་སོ་གྲངས་ཡས་མས་ཤིག་ལ་སོན་པའི་བཙུན་མ་སྒྲོལ་མ་ལགས་ཀྱིས རང་ལུས་མེར་སྲེག་བཏང་སྟེ་ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་ཆགས་གསལ་ཁ་མེད་ཅིང་། དམ་པ་དེ་གཉིས་ཀྱིས་དབུས་རྒྱལ་གཅེས་ཡོངས་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་སོགས་གསུང་འདོན། མ་ཎི་ཡིག་དྲུག་གསོག་སྒྲུབ་བཅས་གནང་ཡོད་པ་རེད།