༢༠༠༩ ཕྱི་ཟླ་ ༩ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སླད་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༣ ནས་ ༥ བར་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཐོག་བོད་དང་ཧི་མ་ལ་ཡའི་རིག་པའི་སྐོར་ལ་རྒྱལ་སྤྱིའི་འདུ་ཚོགས་ཤིག་གོང་ཚེས་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་རྡ་ས་མེ་གྷན་ Club House ཞེས་པའི་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད། དེ་ཡང་ཐོག་མར་བཀའ་ཁྲི་མཆོག་ནས་སྣང་གསལ་ཞལ་ཕྱེ་གནང་རྗེས་གནས་ཆུང་དགེ་འདུན་པ་རྣམས་ནས་ཤིས་སྨོན་ཞལ་འདོན་གྲུབ་མཚམས་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ཚོགས་འདུ་འདི་ཚོགས་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་། དེ་ནས་བཀའ་ཁྲི་མཆོག་ནས་གསུང་བཤད་གནང་དོན། བོད་དང་ཧི་མ་ལ་ཡའི་རིག་གཞུང་དེ་རྩ་བ་གནའ་བོའི་རྒྱ་གར་ན་ལེྡའི་མཁས་པའི་རྣམ་དཔྱོད་ཀྱི་བརྒྱུད་པ་བར་མ་ཆད་པ་ཡིན་པ་དེ་རྒྱུད་འཛིན་དར་སྤེལ་ལས་བྱུང་སྐོར་དང་། དེས་འགྲོ་བ་མིའི་རིགས་ལ་ཕན་ཡོན་ཇི་ཙམ་ཡོད་པ་བཞིན་བདག་ཉར་ཅི་འདྲ་བྱེད་དགོས་མིན་སོགས་ཀྱི་སྐོར་ལ་གསུང་བཤད་ཟབ་རྒྱས་གནང་ཡོད། ད་རེས་་དབུ་འབྱེད་མཛད་སྒོར་བཀའ་ཁྲི་མཆོག་གིས་དབུས་ཁྲིམས་ཞིབ་པ་མཆོག་དང་། ཤེས་རིག་གི་བཀའ་བློན་མཆོག དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་མཆོག ལྷན་ཁང་ཁག་གི་དྲུང་ཆེ་སོགས། དེ་བཞིན་ཕྱི་རྒྱལ་བ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་མཁས་པ་ཁག་གཅིག་དང་། རང་རིགས་མཁས་པ་ཁག་གཅིག་བཅས་ཁྱོན་མི་གྲངས་བཞི་བཅུ་ལྷག་ལྷན་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།