༢༠༡༤ ཟླ་ ༢ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༠ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཡན་ལག་དངུལ་ཁང་ཞིག་དབུ་འབྱེད་གནང་ཡོད། དེ་ཡང་ HDFC ཨ་ཆེ་ཌི་ཨ་ཕི་སི་ཡན་ལག་དངུལ་ཁང་གི་འགོ་འཛིན་སྐུ་ཞབས་ Mr Govind Pandey གོ་ཝིན་ཌ་པན་ཌི་ལགས་ཀྱིས་མགྲོན་འབོད་དང་འབོད་སྐུལ་ཞུས་པ་ལྟར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་རྡ་ས་མེཀ་ལོར་གན་ཇིའི་ཉེ་འགྲམ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁོར་དུ་ཨ་ཆེ་ཌི་ཨ་ཕི་སི་ཡན་ལག་དངུལ་ཁང་ཞིག་གསར་དུ་དབུ་འབྱེད་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་ཚོགས་དྲུང་སྟོབས་རྒྱལ་ལགས། དེ་བཞིན་རྡ་སའི་གནད་ཡོད་མི་སྣ་ཁག་གཅིག་ཀྱང་ལྷན་བཅར་ཞུས་ཡོད་འདུག
ནང་སྲིད་བཀའ་བློན་མཆོག་གིས་ཡན་ལག་དངུལ་ཁང་དབུ་འབྱེད་གནང་བ།
གསར་གནས།

འབྲེལ་གནས།
