༢༠༡༤ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༧ ཉིན་སམ་བྷོ་ཊ་བོད་སློབ་འགན་འཛིན་ལྷན་ཚོགས་ཐེངས་ ༡༠ ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་བསྐོང་ཚོགས་གནང་འདུག
སྐབས་དེར་ཚོགས་པའི་ཚོགས་གཙོ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཚོགས་མི་གསར་པ་རྣམས་ལ་འཚམས་འདྲི་དང་སྦྲགས་ཉེ་དུས་འཕོ་འགྱུར་བྱུང་བ་ཁག་ཟུར་འདོན་གནང་བ་དང་ཆབས་ཅིག་སམ་བྷོ་ཊ་བོད་སློབ་ནས་བོད་མིའི་སྤྱི་ཚོགས་ནང་གི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་ཆེད་ལས་འགན་གསར་པ་ཞིག་བཞེས་དགོས་སྐོར་གསུངས་འདུག
ཐེངས་འདིའི་ལྷན་ཚོགས་སྐབས་གྲོས་གཞི་གཙོ་བོ་ནི་འགྲོ་བ་མིའི་ནུས་ཤུགས་གོང་འཕེལ་ལས་ཁུངས་Human Resource Development ཀྱི་དགོས་འདུན་ལྟར། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་འཕོ་འགྱུར་དང་འཛིན་སྐྱོང་ཐད་སཾ་བྷོ་ཊ་བོད་སློབ་མཐུན་ཚོགས་ཀྱི་སྙན་ཞུར་བསྐྱར་བཅོས་དང་། གྲོས་གཞི་ནང་གསལ་ལྟར་བསྐྱར་བཅོས་དགོས་གལ་རིགས་ལ་འགན་འཛིན་ལྷན་ཚོགས་ནས་ཐུགས་ཞིབ་ཀྱིས་མོས་མཐུན་ཆོག་མཆན་བཀའ་འཁྲོལ་གནང་བ་མ་ཟད། ཕྱི་ལོ་ ༢༠༡༤་་་༢༠༡༥ ལོའི་སྔོན་རྩིས་འཆར་གཞི་ཁག་ལ་བཀའ་བསྡུར་དང་སྦྲགས་བཀའ་འཁྲོལ་གནང་ཡོད་འདུག