༢༠༡༤ ཟླ་ ༡ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༥ ནས་ཟླ་ ༢ ཚེས་ ༥ བར་ལྡི་ལི་ཁུལ་དང་། དེ་བཞིན་མངའ་སྡེ་གུ་ཇུ་ར་ཏི། རཱ་ཇི་སི་ཐན། ཧི་མ་ཅལ་ཁུལ་སོ་ལན་བོན་གཞིས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་ཚུགས་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༧ ཉིན་ལྡི་ལིར་ནོ་ཨེ་ཌ་ལྷ་ས་Noida Lhasa དང་། ནོ་ཨེ་ཌ་ཧི་མ་ལ་ཡ། Noida Himalaya སོ་ནི་པཏ། Sonipat བཅས་ཀྱི་ཁུལ་དུ་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ལ་བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་། འབྲེལ་ཡོད་ལས་བྱེད་ཀྱིས་ཚོགས་ཞུགས་མིང་ཐོ་བསྡུ་ལེན། དེ་བཞིན་གཉན་ནད་རེག་དུག་ནད་གཞིའི་སྐོར་གོ་རྟོགས་དང་སྔོན་འགོག་སྐོར་ལམ་སྟོན་གསུང་བཤད་གནང་།
ཕྱི་ཟླ་ ༡ ཚེས་ ༢༨ ཉིན་དབྱིན་ལེན་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྕམ་སྐུ་ཕི་ལི་པ་ཀེ་རིཀ་ Philippa Carrick ལགས་དང་ལྷན་མཇལ་འཕྲད་དང་། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ལལ་ཀི་ལར་ LalQeelaབོད་མི་སུད་ཚོང་བ་རྣམས་ལ་བཙན་བྱོལ་བོད་ མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་། འབྲེལ་ཡོད་ལས་བྱེད་ཀྱིས་ཚོགས་ཞུགས་མིང་ཐོ་བསྡུ་ལེན། ཕྱེད་ཡོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་སྐུ་ཞབས་ནི་ཤན་ཏི་ཇེན་(Dr.Nishant Jain)ལགས་དང་ལྷན་མཇལ་མོལ་གནང་།
ཕྱི་ཚེས་ ༣༠ ཉིན་ལྡི་ལི་ནས་གུ་ཇུ་ར་ཏིའི་གྲོང་ཁྱེར་ཨེ་ཧེམ་ཌ་བྷ་ཌིར་Ahmedabad ཕེབས་འབྱོར་གྱིས་ཁུལ་དེར་བོད་མི་སུད་ཚོང་བ་རྣམས་ལ་བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་། འབྲེལ་ཡོད་ལས་བྱེད་ཀྱིས་ཚོགས་ཞུགས་མིང་ཐོ་བསྡུ་ལེན། དེ་བཞིན་གཉན་ནད་རེག་དུག་ནད་གཞིའི་སྐོར་གོ་རྟོགས་དང་སྔོན་འགོག་སྐོར་ལམ་སྟོན་གསུང་བཤད་གནང་རྒྱུ་མ་ཟད། ཁུལ་དེར་རྟེན་གཞི་བྱས་པའི་སྨན་རྩིས་ཁང་ཡན་ལག་སྨན་ཁང་དུ་གཟིགས་སྐོར་གནང་རྒྱུ། ཕྱེད་ཡོལ་ཆུ་ཚོད་ ༣ ནས་ ༥ བར་གུ་ཇུ་ར་ཏིའི་རྒྱལ་ས་གྷན་དྷི་ན་གར་Gandhinagar དུ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་། འབྲེལ་ཡོད་ལས་བྱེད་ཀྱིས་ཚོགས་ཞུགས་མིང་ཐོ་བསྡུ་ལེན་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༢ ཚེས་ ༡ བར་བྷ་རོ་ཌ། Baroda སུ་རཏ། Suratཨ་ནྣ་དཱ། Anand བཅས་སུ་བོད་མི་སུད་ཚོང་བ་རྣམས་ལ་བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་། འབྲེལ་ཡོད་ལས་བྱེད་ནས་ཚོགས་ཞུགས་མིང་ཐོ་བསྡུ་ལེན་གནང་རྒྱུ།
དེ་བཞིན་ཕྱི་ཚེས་ ༢ ཉིན་རཱ་ཇི་སི་ཐན་གྱི་གྲོང་ཁྱེར་ཨུ་ཌེ་པུར་Udaipur དུ་ཕེབས་འབྱོར་གྱིས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་འབྲེལ་ཚོགས་ཞུགས་མིང་ཐོ་བསྡུ་ལེན། གཉན་ནད་རེག་དུག་ནད་གཞིའི་སྐོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢ ཉིན་ཨུ་ཌེ་པུར་ནས་ལྡི་ལིར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་སོ་ལན་བོན་གཞིས་སུ་ཕེབས་འཐོན་གྱིས། ཕྱི་ཚེས་ ༤ ཉིན་ས་གནས་སུ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་འབྲེལ་ཚོགས་ཞུགས་མིང་ཐོ་བསྡུ་ལེན། གཉན་ནད་རེག་དུག་ནད་གཞིའི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།