༢༠༡༣ ཟླ་ ༡༢ ཚེས་ ༡༣ རེས་གཟའ་པ་སངས།
༄༅། མཚུངས་མེད་ས་གནས་འགོ་འཛིན་ལྷན་རྒྱས་མཆོག་ལ།
ཆེད་ཞུ། དཔལ་ལྡན་བཀའ་ཤག་གི་མཛད་བྱུས་དགོངས་དོན་རང་རིགས་བོད་ནས་གསར་དུ་འབྱོར་བའི་ན་གཞོན་མང་དག་ཅིག་ལ་གང་ཅིའི་འཚོ་བའི་རྟེན་ཡུལ་དཀའ་ངལ་འཕྲད་མུས་སེལ་ཐབས་སུ་གཞི་རིམ་ལས་འཚོལ་ལས་གཞི་སྣུམ་འཁོར་ཁ་ལོ་པའི་སྦྱོང་བརྡར་ Motor vehicle driving) ཚད་ལྡན་ཞིག་གོ་སྒྲིག་ཞུ་རྒྱུར་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་སུ་འགན་བསྐུར་གནང་བ་བཞིན། འདི་ག་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་རིང་མིན་སྣུམ་འཁོར་ཁ་ལོ་བའི་སྦྱོང་བརྡར་སྒོ་འཛུགས་གནང་གཏན་འཁེལ་བའི་ནང་སྔ་འཕྲོས་སྦྱོང་བརྡར་བ་གྲངས་ ༢༥ ལ་རིང་མིན་སྦྱོང་བརྡར་འབུལ་གཏན་འཁེལ་བ་ཡིན་ན། གཤམ་གསལ་ཆ་རྐྱེན་ལྡན་པས་རང་རིགས་བོད་ནས་གསར་དུ་འབྱོར་བའི་ན་གཞོན་ཕོ་མོ་ཁྱད་མེད་སྦྱོང་བརྡར་ནང་ཞུགས་བློ་ཡོད་རིགས་རྣམས་ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡ ཚེས་ ༨ འགྱངས་མེད་འཚང་སྙན་དང་དགོས་ངེས་ཡིག་ཆ་ཁག་གི་ངོ་བཤུས་བཅས་ངེས་འབུལ་དགོས་པ་དང་སྦྱོང་བརྡར་རིང་ཕྱག་གྲོན་ཡོངས་རྫོགས་འདི་ག་དཔལ་འབྱོར་ལས་ཁུངས་ནས་མཐུན་རྐྱེན་སྦྱར་རྒྱུ་ཡིན་ལུགས་ཁྱབ་ཁོངས་ཆ་རྐྱེན་ལྡན་རིགས་དོན་གཉེར་ཅན་རྣམས་ལ་མ་གོ་མ་ཐོས་མེད་པ་གསལ་བསྒྲགས་གནང་དགོས་དེ་དོན་དགོངས་འཇགས་ཞུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༧ ལ།
འབྲེལ་བ་ཞུ་ཡུལ་གྱི་ཁ་བྱང༌།
The Secretary
Department of Finance
Gangchen Kyishong
Post Dharamsala – 176215
District Kangra. H.P.
Email : [email protected]
Telephone: 01892 222487
དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།
ཀ། རང་ལོ་ ༤༠ མ་བརྒལ་བ། དན་རྟགས་དཔྱ་དེབ་ཀྱི་ངོ་བཤུས།
ཁ བལ་ཡུལ་ནང་རྒྱ་གར་གཞུང་ཚབ་ནས་གནང་བས་དམིགས་བསལ་འཛུལ་ཞུགས་ཆོག་པའི་ཡིག་ཆའི་ངོ་བཤུས།
ག འགོས་ནད་མེད་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།
ང ཐལ་སྤྱོད་རིགས་མེད་པའི་འབྲེལ་ཡོད་ས་གནས་འགོ་འཛིན་གྱི་ངོས་སྦྱོར།
ཅ སྦྱོར་བརྡར་ནང་འཚུད་མཚམས་མཇུག་སྐྱེལ་ཐུབ་པའི་ཆོད་སེམས་ཡོད་པ།
ཆ གལ་ཏེ་སྦྱོང་བརྡར་ནས་རང་བཞིན་བུད་པའམ་བཏོན་རིགས་ནས་འགྲོ་གྲོན་ཆ་ཚང་ཕྱིར་སློག་ཞུ་དགོས།