༢༠༡༣ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །གསལ་བསྒྲགས་སྔོན་སོང་གིས་དགོངས་པར་མངའ་གསལ་ལྟར་བོད་མི་སྐྱབས་བཅོལ་ལག་འཁྱེར་ནང་ “གནས་སྐོར་” འཁོད་པ་རྣམས་ལ་རྒྱ་གར་དབུས་གཞུང་ནས་དགོངས་པ་ཆེ་བཞེས་ཀྱིས་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱ་འཐུས་བཀའ་འཁྲོལ་ཐོབ་ཡོད་པས་མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༥ ནས་བཟུང་མིང་གཞུང་ཐོ་འགོད་འགོ་འཛུགས་ཀྱིས་གོ་རིམ་བཞིན་དྷ་ཤོད་སྐོར་སྲུང་ལས་ཁུངས་སུ་བདེ་སྲུང་ལས་བྱེད་ཆེད་བཅར་གྱིས་སྐྱབས་བཅོལ་ལག་འཁྱེར་དུས་འགྱངས་ཞུ་རྒྱུའི་ལས་རིམ་འགྲོ་མུས་ཡིན་པ་དང།
ད་བར་འབྲེལ་ཡོད་སྐྱབས་བཅོལ་ལག་འཁྱེར་ནང་གནས་སྐོར་འཁོད་ཡོད་པ་མི་གྲངས་ ༢༤༢ ཀྱིས་ཐོ་འགོད་ཀྱིས་དུས་འགྱངས་ཞུ་མུས་ཡིན་མོད། ད་དུང་མི་གྲངས་ ༥༠ དུས་འགྱངས་ཆེད་ཐོ་འགོད་ཞུ་བར་འདི་ལས་སླེབས་འབྱོར་བྱུང་མ་སོང་ན། འདི་ལས་ནས་གལ་ཆེ་དོན་ཆེར་བརྩིས་ནས་བསྐྱར་དུ་དྲན་སྐུལ་ཞུ་རྒྱུར། སྐྱབས་བཅོལ་ལག་འཁྱེར་ནང་གནས་སྐོར་འཁོད་པ་དུས་འགྱངས་ཞུ་རྒྱུའི་དུས་ཚོད་ངེས་ཅན་རིང་ཡིན་འདུག་ན། དེ་ལུགས་རང་དོན་རང་གཅེས་ཀྱི་ཐོག་ནས་མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས་སུ་མགྱོགས་མྱུར་ངོ་བཅར་དགོས་པའི་གསལ་བསྒྲགས་སུ། བདེ་སྲུང་ཡན་ལག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༤ ཉིན་ལ།