ནང་།ན་གཞོན་རོཌ་སྐྱོར།༢༠༡༣་་་༡༤།
༄༅། མཚུངས་མེད་ས་གནས་འགོ་འཛིན་ལྷན་རྒྱས་མཆོག་གང་དེར།
ཆེད་ཞུ། དགོངས་མངའ་ལྟར་ནང་སྲིད་ན་གཞོན་རོགས་སྐྱོར་ལས་གཞི་འོག་སྦེང་ལོར་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་ནས་ད་བར་རང་རེའི་ན་གཞོན་རྣམས་ལ་སོ་སོའི་འདོད་མོས་ལྟར་ལག་ཤེས་འདྲ་མིན་གྱི་སྦྱོང་བརྡར་དང་། སྦྱོང་བརྡར་ཐོན་རྗེས་ལས་འཚོལ་རམ་འདེགས་ཞུས་མུས་དེ་ལྟར་ཡང་། སྦྱོང་བརྡར་བ་མི་ཉུང་བ་ཞིག་ནས་སྦྱོང་བརྡར་ཐོན་རྗེས་ལས་ཀར་འཇུག་རྒྱུའི་བློ་སྤོབས་མི་ལྡེང་པའི་རྐྱེན་གྱིས་སྦྱོང་བརྡར་ཐོབ་པའི་ལག་ཤེས་བེད་སྤྱོད་མེད་པར་སོ་སོའི་རང་ཁྱིམ་དུ་སླར་ཡང་ལས་མེད་རང་སོར་གནས་ཡོད་པ་དེ་རིགས་ཀྱི་ཆེད་སྐྱར་སྦྱོང་ (Refreshing Course) ཐེངས་གཅིག་འབུལ་གཏན་འཁེལ་བའི་ཁོངས་མཛེས་བཟོ་དང་སྐྲ་བཟོའི་སློབ་ཟུར་གྲངས་ ༣༠ ཙམ་ལ་སྦེང་ལོར་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡ ནས་ཉིན་གྲངས་ ༤༥ རིང་དམིགས་བསལ་བསྐྱར་སྦྱོང་ཞིག་འབུལ་རྒྱུ་དང་། སྦྱོང་བརྡར་ཟིན་མཚམས་ལས་འཚོལ་གོ་སྒྲིགས་ཞུ་རྒྱུ་ཡིན་ན་ལས་ཀ་བྱེད་འདོད་ཡོད་པ་ཞིག་ངེས་པར་དགོས་རྒྱུ་བཅས་མང་ཚོགས་ལ་གསལ་བསྒྲགས་མ་གོ་མ་ཐོས་མེད་པ་གནང་སྟེ་མི་འགྲོའི་ཐོ་གཞུང་འདི་ལས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༥ འགྱངས་མེད་ངེས་འབུལ་དགོས་པ་དེ་དོན་དགོངས་འཇགས་ཞུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༤ ལ།
མཉམ་སྦྱར། འཚང་སྙན་འགེངས་ཤོག
སྦྱོང་བརྡར་ས་དམིགས་དང་ཆ་རྐྱེན།
སློབ་ཚན་དང་ས་དམིགས།
ཨང་། སློབ་ཚན། ས་དམིགས། སྦྱོང་བརྡར་སྤྲོད་ཡུལ།
༡། མཛེས་བཟོ། ༡༥ སྦེང་ལོར།
༢། སྐྲ་བཟོ། ༡༥ སྦེང་ལོར།
དགོས་མཁོའི་ཆ་རྐྱེན་གཤམ་གསལ།
ཀ། རང་ལོ་ ༤༥ མ་རྒལ་བའི་སློབ་ཟུར་ཡིན་པ།
ཁ། ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་ནས་མཛེས་བཟོའམ་སྐྲ་བཟོའི་སྦྱོང་བརྡར་ཐོབ་པའི་ལག་འཁྱེར་གྱི་ངོ་བཤུས།
ག དོ་བདག་སྦྱོང་བརྡར་ཐོབ་ཟིན་པ་གང་ཞིག་ལས་མེད་ཡིན་པ་བརྒྱ་དཔོན་དང་ས་གནས་ན་གཞོན་འབྲེལ་མཐུད་པའི་རྒྱབ་གཉེར་སྟེང་ས་གནས་འགོ་འཛིན་གྱི་དག་མཆན་ས་རྟགས་དགོས་རྒྱུ།
ང་། སྦྱོང་བརྡར་ཟིན་མཚམས་ལས་འཚོལ་གོ་སྒྲིགས་ཞུས་པ་ལྟར་ལས་ཀ་བྱེད་འདོད་ཡོད་པ།
ཅ། བཟི་སྨན་དང་ཆང་རག་སོགས་བེད་སྤྱོད་མི་བྱེད་པའི་འགན་ལེན་དགོས་རྒྱུ།
ཐུགས་སྣང་དགོས་པ།
གོང་གསལ་སྦྱོང་བརྡར་ཁོངས་ཞུགས་མི་རྣམས་ལ་སྦྱོང་བརྡར་རིང་བསྡོད་གནས་དང་ཞལ་ལག་ནར་གཏོང་དང་། ས་གནས་སོ་སོ་ནས་སྦྱོང་བརྡར་ཁང་བར་གྱི་ལམ་གྲོན་དོ་བདག་སོ་སོས་གཏང་དགོས།
སྦྱོང་བརྡར་ཁོངས་ཞུགས་མི་རྣམས་ནས་སྦྱོང་བརྡར་མཇུག་སྐྱེལ་ཐུབ་པ་དགོས་རྒྱུ་ལས་སྦྱོང་བརྡར་བར་མཚམས་འཇོགས་རིགས་ནས་འགྲོ་གྲོན་ཆ་ཚང་ཕྱིར་འབུལ་ཞུ་དགོས།
སྦྱོང་བརྡར་གསལ་བསྒྲགས་དུས་ཡུན་ནང་ཚུད་འཚང་སྙན་འགེངས་ཤོག་འབྱོར་མཚམས་འདེམས་ཐོན་ཇི་བྱུང་གསལ་བསྒྲགས་ཞུ་རྒྱུ།