༢༠༠༩ ཕྱི་ཟླ་ ༧ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཤར་ཨེ་ཤི་ཡ་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་ཐོག་ཊོཀ་ཁྱོ་ཡོ་ཨོ་ཀུ་ར་ Okura མགྲོན་ཁང་དུ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པར་བོད་མི་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་ ༤༠༠ ལྷག་མཉམ་ཞུགས་ཀྱིས་དུས་ཆེན་དབུ་འབྱེད་མཛད་སྒོར་མཎྜལ་རྟེན་གསུམ་འདེགས་འབུལ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་གསོལ་འདེབས་སྨོན་ལམ་ཞུས་འདུག
དེ་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོོ་ལགས་ནས་སྐུ་མགྲོན་རྣམས་ལ་སྣེ་ལེན་གཟབ་རྒྱས་ཞུས་པའི་ལྷན་འཛོམས་ཐོག་ཁོང་གིས་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་དགོན་སྡེ་ཁག་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་དོན་དང་བོད་དོན་བདེན་མཐའ་མྱུར་དུ་སེལ་རྒྱུར་མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྔ་ལོ་བོད་ནང་ཞི་བའི་སྒེར་ལངས་བྱུང་བ་ནས་བོད་མི་མང་དག་ཅིག་གི་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བརྟེན་སྐུ་གཤེགས་རྣམས་ཀྱི་དྲན་རྟེན་ཆེད་གཞུང་འབྲེལ་མཛད་སྒོ་ཆེ་ཁག་མ་གཏོགས་དེ་མིན་དགའ་དགའ་སྤྲོ་སྤྲོ་རིགས་མི་བྱེད་པའི་སྐོར་གསུངས་པ་དང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ཕེབས་ཡོད་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཡོད་པའི་ནང་ “དེ་རིང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཉི་ཧོང་བོད་དོན་རྒྱབ་སྐྱོར་བའི་གྲོགས་པོ་རྣམས་དང་ལྷན་དུ་མཇལ་རྒྱུ་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ལོ་ལྔའི་སྔོན་འདིར་ཕྱོགས་སླེབས་པ་དང་ད་ལྟའི་བར་བྱས་ན་བོད་དོན་རྒྱབ་སྐྱོར་བ་མང་དུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད་ལྷན་འཛོམས་འདིའི་ཐོག་བོད་ཀྱི་གནས་སྟངས་ཛ་དྲག་གི་གནས་སྐབས་འདིར་བཙན་བྱོལ་གཞུང་དང་བོད་མིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ད་དུང་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།” དེ་བཞིན་དེང་དུས་ཀྱི་རི་མོ་མཁས་ཅན་མ་ཡ་མཀ་སི་ Ms Maya Maxx ལགས་ཀྱི་མཛད་རིམ་རྣམས་སྒྲོགས་སྦྱང་ཞུས་ཡོད་པ་དང་གཞོན་སྐྱེས་དང་བླངས་བ་ Kashomaeno group ཞེས་པ་རྣམས་ཀྱི་མཛད་སྒོའི་ཚོམས་ཆེན་མེ་ཏོག་གི་མཛེས་སྡུག་ལྡན་པར་སྐྲུན་ཡོད་པ་རེད། ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཉི་ཧོང་ཁྲིམས་བཟོ་བ་ (Lawmaker) Yukio Edano ལགས་ཀྱི་གཙོས་ལྷོ་ཉི་ཧོང་ཨོ་ཀི་ན་ཝ་ southern Okinawa དང་ཀ་ཡུ་ཤུ་གླིང་ཕྲན་ Kyushu islands ནས་ཀྱང་མཛད་སྒོར་ཕེབས་ཡོད་པ་དང་ཁོང་རྣམས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་བོད་དོན་བདེན་མཐའ་མྱུར་དུ་སེལ་ཆེད་ཉི་ཧོང་བ་གྲོགས་པོ་ཚོས་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་གནང་བའི་གནས་བསྡུས་སུ།