༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ཨེན་གེ་ལ་མར་ཀེལ་མཆོག་German Chancellor Angela Merkel ཇར་མན་སྲིད་བློན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་རྗེས་ཡུལ་དེའི་སྲིད་བློན་དུ་སླར་ཡང་འོས་འདེམས་བྱུང་བར་འཚམས་འཕྲིན་སྩལ་བའི་ནང་མགོན་པོ་གང་ཉིད་མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པར་ཧ་ཅང་བསྔགས་བརྗོད་མཛད་མཁན་ཞིག་ཡིན་པ་མ་ཟད། ལྕམ་སྐུ་མཆོག་ནི་ཕུགས་རྒྱང་རིང་པོས་ཡུ་རོབ་མི་མང་ཚོའི་མངོན་འདོད་བསྒྲུབ་ཆེད་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལས་འགན་ཐོག་སྐུ་ངལ་འཛེམ་མེད་སྐྱོན་མཁན་ཞིག་ཡིན་པ་དང་། ཕྱོགས་མཚུངས་ལྕམ་སྐུ་མཆོག་ནི་འགྲོ་བ་མིའི་ཐོབ་ཐང་གིས་གཙོས་རང་གི་ལྟ་གྲུབ་ཐོག་ལངས་ཕྱོགས་བརྟན་པོ་འཛིན་མཁན་ཞིག་ཀྱང་ཡིན་པའི་བསྔགས་བརྗོད་དང་འཚམས་འདྲི་མཛད་འདུག