༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ལྷོ་ཕྱོགས་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་ཨ་ཀྲུག་ཚེ་བརྟན་ལགས་དང་འཇིགས་མེད་འབྱུང་གནས་ལགས། ཚེ་རིང་གཡུ་སྒྲོན་ལགས། བློ་བཟང་ཡེ་ཤེས་ལགས་བཅས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ ཉིན་ལྷོ་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་གི་ལས་འགུལ་ཡོངས་སུ་ལེགས་གྲུབ་བྱུང་ཡོད། ཚོགས་མི་རྣམས་མ་ཧཱ་རཱ་ཤ་ཏྲ་མངའ་སྡེའི་ནང་ཕེབས་ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་དི་ལིབ་ཝལ་སེ་པ་ཊེལ་མཆོག་ (Assembly Speaker Mr Dilip Walse Patil ) དང་མངའ་སྡེའི་ནང་སྲིད་བློན་ཆེན་སྐུ་ཞབས་ཨར་ཨར་པ་ཊེལ་མཆོག (Home Minister Mr R R Patil) སོགས་དང་མཇལ་འཕྲད་གནང་བ་མ་ཟད།
གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་དེ་དག་རྒྱ་གར་རྒྱལ་ཡོངས་བརྙན་འཕྲིན་Doordharshan TV གྱིས་གཙོས་བརྒྱུད་ལམ་ཁག་འདྲ་མིན་ནས་གནས་ཚུལ་བཀོད་ཡོད། སྤྱི་འཐུས་རྣམས་ཀྱིས་མ་ཧཱ་རཱ་ཤི་ཏྲ་མངའ་སྡེའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཡོངས་སུ་ལེགས་གྲུབ་ཀྱིས་གུ་ཇི་ར་ཏི་མངའ་སྡེའི་ནང་མུ་མཐུད་ལས་འགུལ་སྤེལ་ཆེད་ཕྱི་ཚེས་ ༥ ཉིན་ཕེབས་ཐོན་གནང་འདུག