༢༠༡༣ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས།
རྩོམ་ཡིག་འདི་ཡི་མིང་ཞེས་པས་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་ཡིག་གི་བོ་ཤུན་དྲ་རྒྱའི་ནང་འགོད་སྤེལ་བྱས་འདུག
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ཀྱི་བོད་ཡིག་ཐོག་ཕབ་སྒྱུར་གནང་།
༄༅། ། “བོད་འདི་ཡོན་རྒྱལ་རབས་ཀྱི་མངའ་ཁོངས་སུ་བཅུག་སྟེ། རྒྱ་ནག་གི་ཆ་ཤས་ཤིག་ཏུ་གྱུར་བ་རེད་”ཅེས་བཤད་ཚུལ་དེ་ནི་ལོ་རྒྱུས་མི་ཤེས་པ་མ་ཟད། དེ་བས་ངན་སེམས་ཁོག་བཅང་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་རེད།
ང་ཚོས་ཤེས་གསལ་ལ། གནའ་བོའི་ཆེན་པོ་ཧོར་༼སོག་པོའི་རྒྱལ་ཁབ་༽གྱི་དུས་སྐབས་སུ་འཇིག་རྟེན་གྱི་བདེན་དོན་ཤེས་ཀྱི་མེད་པ་དང་། གཅིག་གྱུར་གྱི་བརྟན་རླིང་སྲུང་སྐྱོང་བྱེད་མཁན་སྲིད་དབང་སྒེར་འཛིན་གྱི་ཚོགས་པ་ཞིག་ད་དུང་ཆགས་མེད་སྟབས་གདོད་མའི་བཀས་བཀོད་རྒྱུད་འཛིན་གྱི་དྲག་སྤྱོད་ལམ་སྲོལ་ལག་ལེན་བསྟར་ཏེ་སུས་དམག་བརྒྱབ་ནས་གཞན་གྱི་མངའ་འབངས་འཕྲོག་ཡོད་ན་དེས་དེའི་སྲིད་དབང་སྐྱོང་བ་དང་། སུས་གཞན་གྱི་ས་ཆ་དབང་དུ་བསྡུས་ཡོད་ན་དེ་ལ་བདག་པ་བྱས་ཏེ། རྒྱལ་བློན་རྣམས་ཀྱིས་དེ་ལྟར་རང་ཉིད་ལ་བདག་དབང་དང་མངའ་འབངས་ཆ་ཚང་ཡོད་ཁུལ་གྱིས་ཕན་ཚུན་བརྩི་འཇོག་ཞུ་ཡི་ཡོད་པ་རེད།
ཆེན་པོ་ཧོར་གྱི་རྒྱལ་ཁབ་ཁ་བྲལ་བྱུང་སྟེ། ཁྲིམས་མཐུན་མང་བཀུར་ལམ་ནས་འདེམས་ཐོན་བྱུང་བའི་ཆེན་པོ་ཧོར་གྱི་གོང་མ་( Khawarezmian )ཁ་བ་རི་ཛི་མན
ཧུ་པི་ལིས་ཀྱིས་ཚུར་རྒོལ་སྐབས་འདས་གྲོངས་སུ་ཤོར། ཁ་བ་རི་ཛི་མན་ལ་བརྩི་བཀུར་ཞུ་མཁན་སོག་པོའི་རྒྱལ་ཕྲན་ཁག་གི་རྒྱལ་པོ་དང་དམག་དཔོན་རྣམས་ཀྱིས་ཧུ་པི་ལི་ཆེན་པོ་ཧོར་གྱི་ད་ཧན་གོང་མར་ཁས་མི་ལེན་པ་དང་། ཁོ་པར་ཡོད་པའི་མངའ་དབང་ཡང་ཆེན་པོ་ཧོར་གྱི་མངའ་དབང་གི་ས་ཁྲའི་ནང་བཅུག་མེད་སྟབས། བོད་དབང་དུ་བསྡུ་མཁན་སོག་པོ་གོར་དན་དང་། ཡུན་ནན་དབང་བསྒྱུར་བྱེད་མཁན་ཨུ་ལང་ཧོར་ཐེ་བཅས་ཚང་མ་ཆེན་པོ་ཧོར་གྱི་ད་ཧན་ཁ་བ་རི་ཛི་མན་གྱི་ཕྱོགས་གཏོགས་རེད།
དེ་ཡང་། ཐོ་རི་ད་ཧན་གྱི་རྒྱལ་ཕྲན་མངའ་འབངས་མང་ཆེ་བ་ཧུ་པི་ལིའི་མངའ་ཐང་དུ་གྱུར་ནས་རྒྱའི་མིང་གཅིག་བཏགས་ཡོད་པ་དེ་ནི་” ཡོན་རྒྱལ་རབས་ “ཞེས་པ་དེ་ཡིན་པས་དེའི་ནང་དེ་སྔའི་༼སོག་པོ་༽ཅིན་རྒྱལ་རབས་དང་རྒྱ་ནག་གི་སུང་ལྷོ་མ་ཞེས་པ་དེ་རྣམས་ཡོད་པ་ལས། ཤིན་ཅང་༼ཤར་ཏུ་ཀེ་སེ་ཐན་༽དང་། བོད་དང་ཡུན་ནན། ཐ་ན་མན་འཇུ་རིགས་ཆ་ཚང་དེའི་ཁོོངས་སུ་ཚུད་མེད། སོག་པོ་གོ་དན་དང་བོད་ཀྱི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གཉིས་ལྷན་འཛོམས་དམ་བཅའ་བཞག་སྟེ། ཧུ་པི་ལི་དང་ས་པཎ་གཉིས་བླ་མ་དང་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་བཙུགས་ཡོད་ཀྱང་གོ་དན་གྱི་དབང་དུ་བསྡུས་པའི་བོད་འདི་ཆེན་པོ་ཧོར་གྱི་མངའ་འོག་མ་ལག་གི་གོ་རིམ་ནང་ཚུད་རྒྱུའི་ལས་དབང་ལ་གྱུར་བ་བཏང་ཐུབ་མེད།
རྒྱ་སྐད་དུ་“大元国” 与“大元朝””ཡོན་རྒྱལ་ཁབ་ཆེན་པོ་”དང་ “ཡོན་རྒྱལ་རབས་ཆེན་པོ་”ཞེས་པ་གཉིས་དོན་གཅིག་མ་རེད། “ཡོན་རྒྱལ་ཁབ་ཆེན་པོ་”ཞེས་པ་ནི། བར་སྟོང་གི་ཐ་སྙད་གཅིག་ཡིན་པ་དང་། དེས་ཆེན་པོ་ཧོར་གྱི་རྒྱལ་ཕྲན་རྒྱལ་ཁབ་མང་པོའི་ནང་གི་གཅིག་མཚོན་པ་དང་། “ཡོན་རྒྱལ་རབས་ཆེན་པོ་”ཞེས་པ་ནི། དུས་ཚོད་ཀྱི་ཐ་སྙད་གཅིག་ཡིན་ཞིང་། དེས་རྒྱ་ནག་གི་ལོ་རྒྱུས་ནང་བྱུང་བའི་དུས་སྐབས་གཅིག་གི་དུམ་བུ་གཅིག་མཚོན་གྱི་ཡོད། དུས་རབས་བར་མའི་བོད་སོག་གི་འབྲེལ་བར་དབྱེ་ཞིབ་བྱེད་སྐབས། “ཡོན་རྒྱལ་ཁབ་ཆེན་པོ་”ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱ་དགོས་པ་ལས་”ཡོན་རྒྱལ་རབས་ཆེན་པོ་”ཞེས་པའི་ཐ་སྙད་བེད་སྤྱོད་བྱ་མི་རུང་། དེ་ལྟར་མ་བྱས་ན། ང་ཚོས་ཐེ་ཝན་དུ་ཡུལ་གྱར་བའི་”རྒྱ་ནག་མི་སེར་རྒྱལ་ཁབ་”ཅེས་པ་”རྒྱ་ནག་དམར་ཤོག་རྒྱལ་རབས་”ཀྱི་ཆ་ཤས་ཤིག་རེད། ཅེས་ཤོད་དགོས་པ་མ་ཡིན་ནམ།
“ཡོན་རྒྱལ་ཁབ་ཆེན་པོའི་(大元国的宣政院)སྲིད་སློབ་སྟོན་ལྷན་ཁང་ཞེས་པའི་སྤྱི་ཁྱབ་ནི་ས་པཎ་ཡིན་པས། དེས་ན་བོད་འདི་དེའི་མངའ་ཁོངས་རེད་”ཅེས་བཤད་པ་དེ་ནི་དགོད་བྲོ་བའི་གཏམ་གླེང་ཞིག་རེད། དེང་གི་དུས་སུ་བལྟས་ན། རྒྱ་ནག་དབུས་བསམ་པའི་དཔལ་ཡོན་མཛུབ་འཁྲིད་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས། ལས་ཁུངས་གཅིག་གམ་ཡང་ན་གོང་འོག་གི་སྲིད་འཛིན་རྩ་འཛུགས་ཤིག་ཡིན་ནམ།
རྒྱ་ནག་པས་མིས་རྫུན་བཟོ་བྱས་པའི་ལོ་རྒྱུས་ཁྱབ་སྤེལ་བྱས་པའི་སྲོལ་རྒྱུན་འོག ཧུ་པི་ལིས་ཀྱི་རྒྱལ་རབས་དང་ཐོ་རི་ཧན་གྱི་རྒྱལ་རབས་གཉིས་གཅིག་ཡིན་པ་བཟོས་རྗེས། དེ་ནས་རྒྱལ་རབས་དེ་གནའ་བོའི་ཆེན་པོ་ཧོར་གྱི་རྒྱལ་ཁབ་ཡིན་པ་བཅས་ཐེངས་གཉིས་རྒྱ་སྐྱེད་རྫུན་བཟོ་བྱས་ཏེ་རྒྱ་ནག་མི་མང་་ལ་མགོ་སྐོར་གཏོང་གི་ཡོད་པ་རེད། ས་པཎ་ཀུན་དགའ་རྒྱལ་མཚན་དང་ཧུ་པི་ལི་གཉིས་བླ་མ་དང་མཆོད་ཡོན་སྦྱིན་བདག་དབར་གྱི་འབྲེལ་བ་འདི། བོད་དང་རྒྱ་ནག་བྲན་གཡོག་གཉིས་དབར་སྲིད་འཛིན་༼གོང་འོག་གི་༽འབྲེལ་བར་འཁྱོག་བཤད་བྱས་འདུག་པ་དེ་ནི། གཅིག་ནས་བོད་ཀྱི་གནད་དོན་མི་ཤེས་པ་དང་། གཉིས་ནས་སོག་པོའི་གནད་དོན་ཡང་མི་ཤེས་མཁན་གྱི་རྒྱ་ནག་གི་ལུགས་ལྟར་བྲན་གཡོག་གི་རེ་བ་དང་གཉིས་སུ་མེད།
གནའ་བོའི་ཆེན་པོ་ཧོར་དུས་སྐབས་ཀྱི་བོད་སོག་འབྲེལ་བར། གལ་ཆེའི་མི་སྣ་གསུམ་ལ་ཐུག་ཡོད་པ་སྟེ། ས་པཎ་ཀུན་དགའ་རྒྱལ་མཚན་དང་། ༼བོད་དབང་དུ་བསྡུ་མཁན་གྱི་༽མངའ་བདག་གོ་དན། ༼རྒྱ་ནག་དབང་དུ་བསྡུ་མཁན་གྱི་༽མངའ་བདག་ཧུ་པི་ལི་བཅས་རེད། ཧུ་པི་ལིས་ཀྱི་བྲན་གཡོག་༼ཅིན་རྒྱལ་རབས་ཀྱི་རྒྱ་མི་དང་། སུང་རྒྱལ་རབས་ཀྱི་ལྷོ་མི༽དེ་དག་གོང་གི་འབྲེལ་བ་གསུམ་པོ་དེའི་ནང་འཚུད་རྒྱུའི་ཐོབ་ཐང་མེད། འོན་ཀྱང་། རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ནང་། བོད་དབང་དུ་བསྡུ་མཁན་གྱི་སོག་པོའི་མངའ་བདག་གོ་དན་ནག་བསུབ་བཏང་སྟེ། ཧུ་པི་ལིས་ཀྱི་བྲན་གཡོག་༼རྒྱ་མིར་༽ཧུ་པི་ལིས་ཀྱི་ཕྲུ་གུར་གནས་སྤར་བཟོས་རྗེས། རྒྱ་མི་ཡིན་པའི་རྒྱ་ནག་གིས་”ཡོན་རྒྱལ་རབས་སྐབས་སུ་བོད་ཀྱི་བདག་དབང་ཡོད་”ཚུལ་གྱི་མཇུག་བསྡོམས་ཤིག་བཟོས་ཡོད་པ་རེད།
ང་ཚོས་ཤེས་གསལ་ལ། མཆོད་ཡོན་འབྲེལ་བར་བལྟས་ན། ས་པཎ་ནི་ཡི་དམ་ལྷག་པའི་ལྷ་ཡིན་པ་དང་། ཧུ་པི་ལིས་ནི་མཆོད་ཡོན་སྦྱར་མཁན་གྱི་དད་ཅན་སློབ་མ་ཞིག་རེད། དེར་བརྟེན་དད་ཅན་སློབ་མས་མངའ་དབང་དང་བྲན༌གཡོག་རྣམས་རང་གི་རྩ་བའི་བླ་མར་མཆོད་ཡོན་དུ་ཕུལ་བ་ལས། རྩ་བའི་བླ་མས་རང་གི་ཕ་ཡུལ་དང་ཁྱིམ་གཞིས་རང་གི་སློབ་མར་གནང་བ་ཞིག་ག་ནས་ཡོང་སྲིད་དེ་བས་ཀྱང་ས་པཎ་གྱིས་བོད་ཀྱི་མངའ་བདག་གོ་དན་གྱི་ལག་ནས་མངའ་ཁོངས་ཚུར་འཕྲོག་སྟེ་རང་གི་དགྲ་བོ་ཧུ་པི་ལིས་ལ་ག་ནས་སྤྲོད་སྲིད་དམ།
རྒྱུ་མཚན་དེ་ལ་བརྟེན་ནས། སོག་པོས་དྲག་ཤུགས་ལ་བརྟེན་ནས་དབང་དུ་བསྡུ་མྱོང་བའི་མོ་སེ་ཁའོ་དང་། དབྱི་རང་། རྒྱ་གར་བཅས་ཚང་མ་རྒྱ་ནག་གི་གནའ་སྔ་མོ་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བརྗོད་ན་འགྲིག་གམ་ “བོད་འདི་རྒྱ་ནག་གི་མངའ་ཁོངས་ཁ་བྲལ་ཐབས་མེད་པ་ཡིན་”ཞེས་བཤད་དེ། བོད་དང་མི་ཚང་གཅིག་ལྟར་འཆམ་མཐུན་བྱ་རྒྱུའི་སྐུལ་སློང་བཅང་པ་ཤིན་ཏུ་ལེགས། ཉེ་བའི་ཆར་ཁྲིམས་མཐུན་གྱི་གཞི་རྩ་རྣག་ཤོས་ཤིག་ཡོད་པ་དེ་ནི། ཕྱི་ལོ་”༡༩༥༡ ལོར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་” ཞེས་པ་འདི་ཡིན་ཞིང་། དེར་ནང་པའི་རྒྱལ་ཁབ་ཀྱི་སྙིང་རྗེའི་བདག་ཉིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཁས་ལེན་གནང་བ་མ་ཟད། དུས་ནམ་ཡང་བློ་འགྱོད་གནང་གི་མིན་ཞེས་གསུངས་ཡོད། ཡིན་ནའང་། ཁྲིམས་མཐུན་གྱི་ནུས་པ་ཆེ་ཤོས་དེང་དུས་ཀྱི་ཡིག་ཆ་འདི་རྩབ་ཧྲལ་བཏང་ནས། བློ་རིགས་ཀྱི་ནུས་པ་འཕྲོ་བརླག་བཏང་སྟེ་ད་དུང་ཡང་ཕྱི་ལོ་ ༡༩༥༡ གོང་གི་གནའ་བོའི་སྟོང་བསམ་ཇི་བཞིན་འབྲི་བ་ཡིན་ན། བརྗོད་ཚིག་དེར་ཡིད་ཆེས་བྱེད་མཁན་གྱི་རྒྱ་ནག་མི་རྣམས་ཀྱིས། འཛམ་གླིང་ཁྱོན་ཡོངས་སུ་དགོད་བྲོའི་གཏམ་གླེང་ཞིག་བཟོ་ཡི་མེད་དམ་སྙམ།། །།