༢༠༡༣ ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་ George W. Bush མཆོག་ཉེ་ལམ་སྙིང་རྩའི་གཤག་བཅོས་ལམ་ལྷོང་ལྡན་པ་བྱུང་བ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ Ladakh ཀྱི་རྒྱལ་ས་སླེ་ Leh ནས་ཐུགས་བརྩེའི་འཆམས་འདྲི་མཛད་པ་མ་ཟད། སྲིད་འཛིན་ཟུར་པ་གང་ཉིད་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན་ཡང་མཛད་ཡོད། ༸གོང་ས་མཆོག་དེང་སྐབས་ཁུལ་དེར་བདུན་ཕྲག་གསུམ་རིང་སྐུ་མཚམས་སུ་བཞུགས་གནང་མཛད་བཞིན་ཡོད།།