༢༠༠༩ ཕྱི་ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡ ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་དྲུག་དང་གཞན་མཁས་དབང་དང་ལས་མི་དྲུག་བཅས་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད་པ་ལྟར་ཁོངས་རྣམས་ཉིན་གྲངས་ ༦ རིང་རྡ་སར་བཞུགས་ཏེ་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་བསྟུན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་སོགས་དང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་ཚོགས་པ་ཁག་ལ་གཟིགས་སྐོར་གནང་རྒྱུ་དང་སྦྲགས་ཚོགས་མི་ཁག་ཐུག་འཕྲད་ཀྱང་གནང་རྒྱུ་རེད་འདུག
ཁོང་རྣམས་བཞུགས་སྒར་རྡ་སའི་ཉེ་འཁོར་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་ནས་ཕེབས་བསུར་བཅར་ཏེ་གདན་ཞུས་ཀྱིས་བཞུགས་སྒར་དུ་ཕེབས་སྐབས་བོད་གཞུང་ཟློས་གར་ཚོགས་པས་ཁོང་རྣམས་ལ་འཛམ་གླིང་ཡང་རྩེའི་ཞབས་བྲོ་གཟིགས་འབུལ་ཞུས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡིའི་ Labor ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་མེ་ཀེལ་ཌན་བི་ Mr Michael Danby མཆོག་གི་དབུ་ཁྲིད་འོག་ཁོང་དང་ལྷན་དུ་གྲོས་ཚོགས་ཀྱི་འཐུས་མི་པི་ཊར་སི་ལི་པར། Peter Slipper Liberal MP; Senator Nick Xenophon Independent member of the Australian Senate Melissa Parke, Labor MP Senator Scott Ludlam, member of the Australian Greens and Senator Sarah Hanson-Young, member of the Australian Greens བཅས་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད་པ་རེད། ཨོ་སི་ཊོ་ལི་ཡའི་ Online ཚགས་ཤོག་ཞིག་ནང་སྐུ་ཞབས་མེ་ཀེལ་ཌན་བི་ Mr Michael Danby མཆོག་གིས་ཨོ་སི་ཊོ་ལི་ཡས་བོད་དོན་ཐོག་འཛིན་པའི་རྒྱབ་སྐྱོར་དེ་ནི་ཞི་བདེའི་ངང་བདེན་མཐའ་སེལ་བའི་ཐབས་ལམ་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། ཁོང་གི་ཐུགས་རེ་ཆེ་ཤོས་ནི་བོད་ཀྱི་དངོས་ཡོད་ཀྱི་གནད་དོན་དེ་རྣམས་རྒྱལ་སྤྱིའི་ཐོག་གཏིང་ཟབ་ཤེས་རྟོགས་ཐུབ་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་རྒྱུ་ཡིན་ལུགས་འགྲེལ་བརྗོད་ཀྱང་གནང་འདུག
ཐེངས་འདིར་ཀེན་བི་ར་ལ་ཡོད་པའི་བོད་ཀྱི་ཕྱི་འབྲེལ་ Tibet Information Office ལས་ཁུངས་ཀྱི་སྐུ་ཞབས་དངོས་གྲུབ་རྒྱལ་མཚན་ལགས་དང་ཨོ་སི་ཊོ་ལི་ཡའི་བོད་ཀྱི་ལས་ཁུངས་ Australia Tibet Council ཀྱི་སྐུ་ཞབས་སྲི་མོན་བེ་རེ་ཀྲི་ཤོ་ Simon Bradshaw རྣམ་གཉིས་ཀྱང་ཁོང་རྣམ་པའི་ཕྱག་རོགས་དང་ཆབས་ཅིག་ཆེད་ཕེབས་གནང་འདུག
ཁོང་རྣམས་ཕྱི་ཟླ་ ༧ ཚེས་ ༦ ཉིན་བཞུགས་སྒར་ནས་གྷ་གལ་གནམ་ཐང་བརྒྱུད་ལྡི་ལིར་ཕེབས་རྗེས་ད་རེས་རྒྱ་གར་གཞུང་གི་གསར་དུ་འོས་འདེམས་བྱུང་བའི་སྲིད་གཞུང་གི་ཚོགས་མི་རྣམས་དང་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་མི་བཅས་མཇལ་འཕྲད་གནང་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།