༢༠༡༣ ཟླ་ ༧ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་བཞི་ལ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱགས་རྟགས་ཕུལ་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི།
༡༽ བདེ་སྲུང་དྲུང་ཆེ་ཞིང་ཆེན་དངོས་གྲུབ་རྡོ་རྗེ་ལགས་ནི།
ལ་དྭགས་བྱང་ཐང་དུ་ཕྱི་ལོ་ ༡༩༦༠ ལོར་སྐྱེས། ཌལ་ཧོར་གཏན་སློབ་དང་རྡོ་རྗེ་གླིང་སེན་ཇོ་སེབ་དབྱིན་ཇིའི་མཐོ་སློབ་ནས་མཐར་ཕྱིན་རྗེས་ཇར་མན་དང་ཐའེ་ལན་དུ་འཆར་འགོད་ཐོག་ལོ་གཉིས་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༡ ཟླ་ ༩ ཚེས་ ༡ ནས་གནས་དགུ་པ་གཞོན་དྲུང་དུ་ཚོད་ལྟའི་ཐོག་ཨོ་རི་ས་གཞིས་ཆགས་ཀྱི་ལས་དྲུང་དུ་བསྐོ་གཞག་གནང་བ་དང་།
ཕྱི་ལོ་ ༡༩༨༣ ཟླ་ ༧ ཚེས་ ༡ ནས་ལས་ངོར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༤ ཟླ་ ༧ ཚེས་ ༡༠ ནས་ལོ་གཉིས་རིང་ཕོགས་མེད་སློབ་སྐྱོད་དགོངས་ཞུ་གནང་། ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༡༥ ནས་ཆོས་རིག་ལས་ཁུངས་ཀྱི་གཞོན་དྲུང་དུ་བསྐོ་གཞག ཕྱི་ལོ་ ༡༩༩༢ ཟླ་ ༤ ཚེས་ ༡ ནས་སླར་ཡང་ལོ་གཅིག་རིང་ཕོགས་མེད་སློབ་སྐྱོད་དགོངས་ཞུ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་རྒན་རིམ་ལྟར་དྲུང་གཞོན་ལས་རོགས་སུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༥ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༢ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ ༡༩༩༧ ཟླ་ ༤ ཚེས་ ༣༠ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༠༤ ཚེས་ ༡༡ ནས་ ༦ ནས་དྲུང་འཕར་དུ་གནས་སྤར་ཐོག་ཤེས་རིག་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ནས་ཟླ་ ༣ དང་ཉིན་གྲངས་ ༢༤ རིང་དམིགས་བསལ་ཕོགས་མེད་དགོངས་ཞུ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༤ ནས་དྲུང་ཡིག་ཆེན་མོར་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༤ ནས་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེར་གནས་སྤོས་ཀྱིས་ཞབས་ཞུ་གནང་མུས་ལ་ད་བར་ཁྱོན་ཞབས་ལོ་ ༢༥ ཧྲིལ་པོ་སྲི་ཞུའི་ཞབས་འདེགས་ཞུས་འདུག
༢༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་ཚེས་གསུམ་ལྷ་མོ་ལགས་ནི།
རྒྱ་གར་བྱང་ཕྱོགས་ཀ་ལོན་སྦུག་ཏུ་ཕྱི་ལོ་ ༡༩༥༢ ལོར་སྐྱེས། ཀ་སྦུག་ཏུ་སྒེར་གཉེར་སློབ་གྲྭ་ཞིག་ལས་གཞི་རིམ་ཤེས་ཡོན་ཐོབ་རྗེས་ཟློས་གར་དང་སློབ་དགེ ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༧ ཟླ་ ༡༢ ཚེས་ ༡ ནས་གནས་དགུ་པ་གཞོན་དྲུང་ཐོག་བོད་གཞུང་ཟློས་གར་གྱི་རྩིས་པར་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡ ནས་ལས་ཁུངས་དོ་དམ་པར་གནས་སྤར་ཐོག་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༥ ནས་སྡེ་འགན་དུ་གནས་སྤར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༣ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར། ཕྱི་ལོ་ ༢༠༠༡ ཟླ་ ༦ ཚེས་ ༡ ནས་ཟླ་དྲུག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༡ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ལས་རང་འཇགས་སུ་བསྐོ་གཞག ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༥ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༥ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ ནས་ལོ་ ༢ རིང་རྒས་ཡོལ་འཕར་འགྱངས་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་གིས་ལས་འཁུར་བཞེས་མུས་བཞིན་ད་བར་ཁྱོན་ཞབས་ལོ་ ༢༥ ཧྲིལ་པོ་སྲི་ཞུའི་ཞབས་འདེགས་ཞུས་འདུག
༣༽ ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཚེ་དབང་བཀྲིས་ལགས་ནི།
བོད་ཀྱི་ཕག་རིའི་དཀར་ལེགས་ཞེས་པའི་གྲོང་སྡེ་ཞིག་ཏུ་ཕྱི་ལོ་ ༡༩༥༢ ལོར་སྐྱེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་བོད་ལ་བཙན་འཛུལ་རྗེས་ཕ་མ་དང་མཉམ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་སིམ་ལ་གཏན་སློབ་ཐོན་ཏེ་དྭངས་སློབ་ནང་ཞུགས། ཕྱི་ལོ་ ༡༩༨༧ ཟླ་ ༥ ཚེས་ ༡ ནས་གནས་དགུ་པ་གཞོན་དྲུང་ཐོག་འབུམ་ལ་བདེ་དོན་གྱི་ལས་དྲུང་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༡ ཟླ་ ༧ ཚེས་ ༡ ནས་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་ཁུངས་དོ་དམ་པར་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༢༡ ནས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢༢ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༥ ཟླ་ ༡ ཚེས་ ༡༠ ནས་ནང་སྲིད་ལས་ཁུངས་ཀྱི་སྡེ་འགན་དུ་གནས་སྤོས། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༣ ནས་དྲུང་ལས་སུ་གནས་སྤར་ཐོག་ཧ་པ་སྤུར་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡༥ ནས་ལོ་ ༡ རིང་ཕོགས་མེད་སློབ་བསྐྱོད་དགོངས་ཞུ། ཕྱི་ལོ་ ༡༩༩༩ ཟླ་ ༧ ཚེས་ ༧ ནས་སྦིར་བོད་ཚོགས་ས་གནས་འགོ་འཛིན་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༢༦ ནས་དྲུང་གཞོན་དུ་གནས་སྤར་ཐོག་ལྡི་ལི་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༣ ཚེས་ ༡༥ ནས་ཀ་སྦུག་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༢༢ ནས་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༢༢ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༢ ནས་རྡོར་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ནས་ལོ་ ༢ རྒས་ཡོལ་འཕར་འགྱངས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ལས་འཁུར་བཞེས་མུས་ཐོག་ད་བར་ཁྱོན་ཞབས་ལོ་ ༢༥ ཧྲིལ་པོ་སྲི་ཞུའི་ཞབས་འདེགས་ཞུས་འདུག
༤༽ སྤུ་རུ་ཝ་ལ་ས་གནས་འགོ་འཛིན་དྲུང་ལས་ཚེ་རིང་དབང་འདུད་ལགས་ནི།
ཕྱི་ལོ་ ༡༩༨༨ ཟླ་ ༢ ཚེས་ ༡༥ ཉིན་ནས་གནས་དགུ་པ་གཞོན་དྲུང་ཐོག་ཏི་ཛུ་གཞིས་ཆགས་ཀྱི་སྐད་དྲུང་དང་མཉམ་སྦྲེལ་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༢༠ ནས་རྡོར་གླིང་བདེ་དོན་གྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༧ ནས་ལས་ཁུངས་དོ་དམ་པར་གནས་སྤར། ཕྱི་ལོ་ ༡༩༩༤ ཟླ་ ༡༠ ཚེས་ ༡༧ ནས་མེའོ་གཞིས་ཆགས་ཀྱི་མཉམ་སྦྲེལ་རྩིས་པར་གནས་སྤོས། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༡༦ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར་ཐོག་མེའོ་མཉམ་དྲུང་དུ་བསྐོ་གཞག ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༦ ནས་ཧུན་སུར་མཉམ་སྦྲེལ་གྱི་རྩིས་པར་གནས་སྤོས། ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༨ ནས་བདེ་སྲུང་ཡན་ལག་གི་སྡེ་འགན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༡༣ ནས་སྦིར་ཅོན་ཏ་ར་ནང་ཆེན་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༢༩ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༩ ནས་སྤུ་རུ་ཝ་ལ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡ ནས་སྔ་ཕྱི་ལོ་ ༤ རིང་རྒས་ཡོལ་འཕར་འགྱངས་ཀྱིས་ལས་འཁུར་ཞུ་མུས་བཞིན་ད་བར་ཁྱོན་ཞབས་ལོ་ ༢༥ ཧྲིལ་པོ་སྲི་ཞུའི་ཞབས་འདེགས་ཞུས་འདུག