༢༠༡༣ ཟླ་ ༧ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཉེ་ལམ་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་སྒེ་རི་ལོག་ (Gary Locke) མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་དང་སློབ་གྲྭ དགའ་ལྡན་དགོན་པ་སོགས་ལ་གཞུང་འབྲེལ་གཟིགས་སྐོར་སྐབས་ཀྱི་དཔར་རིགས་ཁག་གཅིག་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཕྱིར་བསྒྲགས་གནང་འདུག
འདྲ་དཔར་གཟིགས་ཆེད་འདིར་གནོན།
དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་པེཌ་ཊིག་ཝེན་ཊིལ་ (Mr Patrick Ventrell) མཆོག་གིས་བརྗོད་དོན་ལྟར་ན། ད་ཐེངས་ཨ་རིའི་གཞུང་ཚབ་པ་མཆོག་བོད་ནང་གཟིགས་སྐོར་དུ་ཕེབས་སྐབས། ས་གནས་སྲིད་གཞུང་གི་ལས་བྱེད་པ་ཚོར་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག་སོགས་བདག་གཅེས་བྱེད་དགོས་པ་དང། ལྷག་པར་བོད་མི་ཚོས་རང་སྲེག་ལས་འགུལ་སྤེལ་དགོས་པའི་གནད་དོན་དེར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག
ཕྱོགས་མཚུངས་མགྲིན་ཚབ་པ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་ཚབ་ལས་ཁུངས་(Consulate) ཞིག་གསར་འཛུགས་བྱ་རྒྱུར་ཨ་རིའི་གཞུང་གིས་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད།