༢༠༡༣ ཟླ་ ༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སིམ་ལར་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུ་ཌི་རིབ་ཏ་རོ་ཡེ་ Mr Sudripta Roy ལགས་དང་ལྷན་སྤྱི་ཁྱབ་དྲུང་ཆེའི་ལྷན་ཚོགས་ཚོགས་སའི་ཚོགས་ཁང་ནང་མཇལ་འཕྲད་གནང་འདུག
དེ་ཡང་ཚོགས་འདུའི་ཐོག་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ནང་འཕྲད་བཞིན་པའི་དཀའ་ངལ་གཙོ་གནད་ཐོག་གྲོས་བསྡུར་དང་དགོངས་བཞེས་གནང་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག ལྷན་ཚོགས་དེའི་ཐོག་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུ་ཌི་རིབ་ཏ་རོ་ཡེ་ལགས་ཀྱིས་གཙོས་གྲོང་ཁྱེར་ཡར་རྒྱས་དང། གྲོང་སྡེ་དང་འཆར་འགོད། ས་ཁང་གི་དྲུང་འཕར་སྐུ་ཞབས་པི་མི་ཏ་ར་ Mr P. Mitra ལགས་སོགས་ཀྱང་མཉམ་ཞུགས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་དང་འཆི་མེད་རིག་འཛིན་ལགས་གཉིས་ཀྱང་ལྷན་བཅར་ཞུས་འདུག་པ་བཅས།།