༢༠༡༠ ཟླ་ ༨ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྔོན་གྱི་མཛད་རིམ་ལྟར་ན་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ ཉིན་མ་ནཱ་ལིར་ཆིབས་སྒྱུར་བསྐྱང་གནང་མཛད་གཏན་ཁེལ་ཡོད་ནའང། དེ་རིང་བློ་བུར་དུ་མགོན་པོ་གང་ཉིད་མཆོག་གི་མཛད་རིམ་ལ་འགྱུར་བ་ཕྱིན་ཏེ་ཕྱི་ཟླ་༴ ༨ ཚེས་ ༡༩ ཉིན་རྒྱ་གར་ཧི་མཱ་ཅལ་ས་ཁུལ་ཇི་སི་པར་ (Jispa) ཆིབས་སྒྱུར་བསྐྱང་ཏེ་འཁོར་ལོ་བདེ་མཆོག་གི་བཀའ་དབང་སྩལ་རྒྱུ་དང། ཕྱི་ཚེས་ ༢༠ ཉིན་མགོན་པོ་གང་ཉིད་མཆོག་གིས་ས་གནས་དེར་གསུང་ཆོས་བཀའ་དྲིན་སྩལ་གནང་མཛད་གྲུབ་བསྟུན། ཕྱི་ཟླ་ ༨ ཚེས་ ༢༢ ཉིན་མ་ནཱ་ལིར་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།