༢༠༡༣ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༢ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བ་ལྟར། སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢ ནས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་དང། སྦར་སིལ་སྐུ་ཚབ་དོན་གཅོད་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༩ ནས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག མཚོ་སྒོ་ལྷག་པ་ལགས་ཉི་ཧོང་དང་ཤར་ཨེ་ཤི་ཡའི་དོན་གཅོད་ཀྱི་ལས་འགན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ ནས་གཙང་འཁྱུར་འགྲོ་རྒྱུའང། ཕྱི་ཟླ་ ༡༡ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་མ་གྲུབ་བར་ད་ལྟའི་ལས་འགན་མཇུག་སྐྱོང་གནང་དགོས་པ་དང། དེ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡ ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག་པ་བཅས།།