༢༠༡༣ ཟླ་༥ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིཊ་མེད་ལཊ་སུ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་བཅད་བཏང་འདུག
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིཊ་མེད་ལགས་སུ་ཁོང་གི་རྩོམ་སྒྲིག་བྱས་པའི་༼བཙན་པོའི་སྙིང་སྟོབས༽ དེབ་ཕྲེང་གཉིས་པའི་ནང་ཆབ་སྲིད་ཀྱི་དོགས་གཞི་ཡོད་པའི་ཉེས་འཛུཊ་འོག ཁོང་གི་གྲྭ་ཤག་སྔོག་བཤེར་དང་དཔེ་དེབ་འགྲེམས་སྤེལ་བཀག་སྡོམ། གསང་སྟབས་ཀྱིས་ཁོང་འཛིན་བཟུང་བྱས་ཏེ་ཟི་ལིང་གྲོང་ཁྱེར་དུ་འཁྲིད་ཡོད་པ་དང་། ཕྱིས་སུ་རྨ་ལྷོ་རེབ་གོང་དུ་གནས་སྤོར་གྱིས་ད་ལྟའི་བར་བཙོན་འཇུག་བཀག་ཉར་གྱི་ལོ་ ༥ ཁྲིམས་བཅད་བཏང་འདུག རང་ལོ་ ༣༦ ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིཊ་མེད་ལགས་ནི། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཁོངས་ཀྱི་འབྲོག་སྡེ་ཆེན་པོ་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་ཞེས་པར་སྐྱེས་ཤིང་།
ཕྱི་ལོ་ ༡༩༩༢ ལོ་ནས་འགར་དགོན་ཆོས་གླིང་དུ་ཞུགས་ཏེ་བསྡུས་གྲྭ་དང་ས་ལམ། གྲུབ་མཐའ། བརྡ་སྤྲོད་བཅས་ལ་སློབ་སྦྱོང་གི་ཕྱིས་སུ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བློ་རྟགས་དང་རྣམ་འགྲེལ། ཕར་ཕྱིན། དྲང་ངེས། རྟེན་འབྲེལ། དབུ་མ། མཛོད་སོཊ་གཞུང་ཆེན་མོར་སྦྱངས་ཏེ་ཕར་ཕྱིིན་རབ་འབྱམས་པའི་དམ་བཅའ་བཞག་ཡོད། ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་བོད་ནང་གི་རིག་གཞུང་ཞིབ་འཇུག་དང་རྩེར་སྙེགས། སྦྲང་ཆར་སོགས་དུས་དེབ་མང་པོའི་ནང་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་ཏེ་ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་གྲོགས་པོ་ཁག་གཅིག་དང་མཉམ་དུ་༼རྫོགས་ལྡན་མཆོད་པའི་མེ་ཏོག༽ དང་༼དུས་རབས་ཀྱི་བསམ་གཞིགས༽ ༼མི་ཕམ་དགྱེས་པའི་མཆོད་སྤྲིན
༽ བཅས་ཀྱི་ལག་བསྟར་རྩོམ་སྒྲིག་པ་དང་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས་བ་དང་། ཕྱི་ལོ་ ༢༠༠༥ ལོར་ཁོང་གི་བརྩམས་ཆོས་ཐོག་མ་༼བསམ་གཞིག་ཉུལ་བའི་ཟིན་ཐོ༽ བཀྲམ་སྟེ་ཀློག་པ་པོ་དག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད།
ཕྱི་ལོ་ ༢༠༠༨ ལོར་ཁོང་རང་ངོས་ནས་མ་དངུལ་གྱི་འགྲོ་གྲོན་དང་རྩོམ་སྒྲིག་བྱས་པའི་༼བཙན་པོའི་སྙིང་སྟོབས༽དེབ་ཕྲེང་དང་པོ་བཏོན་ཏེ། བོད་ནང་གི་བོད་མིའི་དཀའ་སྡུག་གི་གནས་སྟངས་གསལ་འདོན་བྱས་སྟབས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ བར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་གྱིས་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད། བཙོན་གྲོལ་ཐོབ་རྗེས་ཁོང་གིས་མུ་མཐུད་༼བཙན་པོའི་སྙིང་སྟོབས༽ དེབ་ཕྲེང་གཉིས་བཏོན་ཏེ་བོད་ནང་གི་རང་ལུས་མེར་སྲེག་དང་བཙན་བྱོལ་གཞུང་གི་སྐོར། ༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཐོབ་ཐང་དང་བོད་ཀྱི་ཐོབ་ཐང་། གྲངས་ཉུང་མི་རིགས་དང་པེ་ཅིན་གཞུང་བར་གྱིས་སྐོར་སོགས་དོན་ཚན་ ༢༥ ལམ་ནས་གསལ་འདོན་བྱས་སྟབས། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཁོང་ཡར་བསྐྱར་འཛིན་བཟུང་བྱས་ཏེ་རྒྱ་ནག་གཞུང་གིས་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག