༢༠༡༣ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཚོད་ལྟའི་དྲུང་གཞོན་ལྷག་པ་སྒྲོལ་མ་ལགས་དང་། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཚོད་ལྟའི་དྲུང་གཞོན་ཀུན་དགའ་ཆོས་སྒྲོན་ལགས་གཉིས་ཚོད་ལྟའི་དུས་ཡུན་གཙང་སྟེ། སྤྱི་ཁྱབ་ཁྲིམས་དྲུང་ནས་ལས་བྱེད་ངོ་མར་བསྐོ་གཞག་ཡོང་བའི་རྒྱབ་གཉེར་ཕུལ་དོན་བཞིན་ལྷག་པ་སྒྲོལ་མ་ལགས་ ༢༠༡༣ ཟླ་ ༥ ཚེས་ ༦ དང་། ཀུན་དགའ་ཆོས་སྒྲོན་ལགས་ ༢༠༡༣ ཟླ་ ༥ ཚེས་ ༧ ཉིན་ནས་ཐད་བསྐོས་ལས་བྱེད་ངོ་མར་བསྐོ་གཞག་གིས་བྱང་ཕྱོགས་དང་། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ཁྲིམས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་འདུག་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༠ ཉིན་གསལ་བསྒྲགས་སྤེལ་ཡོད།།