༢༠༡༣ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར་ཕྱེད་ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྷེལ་ཇམ་གྱི་རྒྱལ་ས་བྷར་སིལ་ (Brussels) གནམ་ཐང་དུ་ཕེབས་འབྱོར་སྐབས། བྷེལ་ཇམ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། ཆུ་བཞི་སྒང་དྲུག་གི་ཚོགས་མི་བཅས་མི་མང་བཅུ་ཕྲག་འགའ་ཤས་ཀྱིས་ལག་ཏུ་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༡༧ ཉིན་གཞུང་འབྲེལ་ལས་དོན་གལ་ཆེན་འགའ་ཞིག་གནང་རྗེས། ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཕེབས་ཐོན་གནང་རྒྱུ་ཡིན་འདུག ཐེངས་འདིར་སྲིད་སྐྱོང་མཆོག་ལ་དུས་ཚོད་ཐུང་ངུ་ཞིག་ལས་མེད་སྟབས་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་འཆར་གཞི་མེད་པ་བཅས། །