༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ད་ལོའི་ལོ་གསར་སྐབས་ཟླ་ ༢ ཚེས་ ༢༥ ཉིན་མང་ར་རྫོང་ཁོངས་ཀླུ་ཚང་དགོན་པའི་དགེ་འདུན་པ་བརྒྱ་ཙམ་ནས་མར་མེའི་ཁྲོམ་སྐོར་བྱས་པའི་གནས་ཚུལ་ཐོན་པ་ནས་བཟུང་སྔ་རྗེས་སུ་དགེ་འདུན་པ་མང་དག་ཅིག་འཛིན་བཟུང་བཀག་ཉར་གྱིས་གློད་བཀྲོལ་བཏང་བ་སོགས་བྱུང་ཡོད་ནའང་། ཟླ་བ་ ༤ པའི་ནང་དགེ་འདུན་པ་བཞི་སྟེ། རུ་མང་སྡེ་བ་ནས་ཡིན་པ་ལུང་རྟོགས་རྒྱ་མཚོ་དང་། བྱ་གཞུང་སྡེ་པའི་བཟོད་པ་རྒྱ་མཚོ། རུ་མང་སྡེ་པའི་སྐལ་བཟང་རྒྱ་མཚོ། ལོ་བ་སྡེ་པའི་བཟོད་པ་རྒྱ་མཚོ་བཅས་ལ་དུས་བཀག་བཙོན་འཇུག་་ལོ་ ༢ རེ་བཏང་ཡོད་པའི་གནས་ཚུལ་འདུག་ཀྱང་། ཁྲིམས་ཁང་གང་ཞིག་ནས་བཏང་བ་སོགས་ཁ་གསལ་མི་འདུག