༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་སྦིར་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཆོད་ ༩།༠༠ ཐོག་ཅོན་ཏ་ར་རྒྱ་གར་སློབ་གྲྭའི་ཐང་སྟེང་དུ་གསུམ་དུས་ཀྱི་མཛད་སྒོ་གོ་སྒྲིག་ཞུས་ཏེ་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་མི་ (Shri Gulab Singh)ལགས་དང་། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་ལགས། ཚུལ་ཁྲིམས་བསྟན་འཛིན་མཆོག་རྣམ་གཉིས་ཕེབས་ཡོད། བོད་མི་མང་སྤྱི་འཐུས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་སྤྱི་འཐུས་ཀྱི་གསུང་བཤད་དང་སྡེ་དགེ་ས་གནས་འགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་སྲིད་སྐྱོང་གི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། གཞན་ཡང་ཉེ་འཁོར་རྒྱ་གར་གྲོང་གསེབ་ཀྱི་འགོ་འབྱེད་པར་རྡན་ལགས་ཀྱང་མཉམ་ཞུགས་གནང་ཡོད།
གཞན་ཡང་དགོན་སྡེ་ཁག་གི་སྐུ་ཚབ་གྲྭ་བཙུན། ས་གནས་གྲོས་ཚོགས། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་། སློབ་གྲྭ་ཁག་གི་སློབ་སྤྱི་དགེ་ལས། སློབ་ཕྲུག། སྨན་ཁང་། གཞན་ཡང་མང་ཚོགས་བཅས་མི་གྲངས་ ༡༠༠༠ ཙམ་འདུ་འཛོམས་རྗེས་སྤ་ལམ་སྤར་ཁྲོམ་གཞུང་ནས་ཐང་སྟེང་བར་གོམ་བགྲོད་ཀྱི་འབོད་ཚིག་སྒྲོག་བཞིན་མཛད་སྒོ་གཉིས་པའི་སྐོུ་མགྲོན་གཙོ་བོ་ (Shri Trilok Kapoor,Chairman HPWFL,National General Secretary BJP, SC/St. Shri Ajay Dharwal ,Vice Chairman Nagar Panchayat ,Jogindernagar ,Pradhan of Chauntra ,Tashi Jong,Bir ,Kyori,Suja ,Chowgan) བཅས་ཕེབས་ཡོད། སུ་ཇ་བོད་ཁྱིམ་གྱི་སློབ་ཕྲུག་གིས་རང་ཡུལ་དྲན་གླུ་དང་། སྙིང་སྟོབས་ཇེ་འཕར་གྱི་གླུ་དབྱངས་བཏང་སྟེ་མང་ཚོགས་རྣམས་ཀྱི་སེམས་ཤུགས་གོང་མཐོར་སྤེལ་ཡོད་པ་མ་ཟད། སྐུ་མགྲོན་རྣམས་ནས་བོད་དོན་དང་འབྲེལ་བའི་གདུང་སེམས་མཉམ་སྐྱེ་གསུངས་བཤད་གཟབ་རྒྱས་གནང་ཡོད། དེ་བཞིན་སྤ་ལམ་སྤར་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་གསར་འགོད་པ་རྣམས་ལ་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་བཅས། །