༢༠༡༠ ཟླ་ ༨ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༩ མཚན་མོར་བྷན་ཌར་ (Bhandara) ས་གནས་ལས་ཁུངས་ཀྱི་སྲི་ཞུ་བ་ལས་དྲུང་བསྟན་འཛིན་རབ་རྒྱས་ལགས་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བརྟེན་ཟླ་ ༨ ཚེས་ ༡༠ རེས་གཟའ་མིག་དམར་གྱི་ཉིན་རྒྱབ་ཆུ་ཚོད་ ༤ པར་རྡ་ས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ཡོངས་ནས་འདས་པོ་དེ་ཉིད་ཀྱི་ཆེད་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གི་ཚོགས་ཁང་དུ་སྨོན་ལམ་གསུང་འདོན་གནང་ཡོད་པ་མ་ཟད། ཕྱི་དྲོ་ཆུ་ཚོད་ ༤ ནས་རྡ་སའི་བོད་གཞུང་ལས་ཁུངས་མ་ལག་སྒོ་བརྒྱབ་སྟེ་མྱ་ངན་ཞུས་ཡོད་པ་བཅས།