༢༠༡༣ ཟླ་ ༢ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང༌། ལྷག་པར་བོད་ནང་གི་རང་ལུས་མེར་སྲེག་དང་བོད་ནང་རྒྱ་ནག་གཞུང་གིས་འཛིན་པའི་དྲག་གནོན་གྱི་སྲིད་བྱུས། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་མེད་པའི་དཀའ་ངལ་སོགས་ཀྱི་ཐོག་ངོ་སྤྲོད་གནང་བ་དང་ཆབས་ཅིག་གསུང་དོན། དེ་རིང་ང་རང་འདི་གའི་ཉན་ཞིབ་ཏུ་བཅར་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ངས་ཐོག་མར་ཁྱེད་རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཨ་རིའི་གྲོས་ཚོགས་ཀྱིས་གཙོས་ཡུ་རོབ་དང་ཉི་ཧོང་རེད། དེ་བཞིན་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བཀའ་སྤྱི་གཉིས་སྣེ་ཁྲིད་འོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་གནད་ཡོད་མི་སྣ་མཉམ་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་ཡོད། སྤྱིར་བཏང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་བཞུགས་ཁེ་ན་ཌའི་གཞུང་ཚབ་ངོས་ནས་ཀྱང་རྒྱ་ནག་གཞུང་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་ལམ་ནས་དཀའ་ངལ་སེལ་ཐབས་གནང་དགོས་ཡིན་སྐོར་གསུངས་ཡོད།
དེར་བརྟེན་ད་ཐེངས་ཉན་ཞིབ་འདིའི་ཐོག་ནས་ངས་ཁ་ན་ཌའི་གཞུང་ཕྱོགས་ལ་འབོད་སྐུལ་ཞུ་རྒྱུར། ཨ་རིའི་གཞུང་ཚབ་ཀྱིས་བོད་ཀྱི་ས་གནས་ཁག་གཅིག་ནང་ཕེབས་པ་ཡོད་ལྟར། ཁ་ན་ཌའི་གཞུང་ཚབ་ནས་ཀྱང་བོད་ཀྱི་ས་གནས་སྤྱི་དང་ཡང་སྒོས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་ས་ཁུལ་ཕེབས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་མིན་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་རྒྱ་ནག་གཞུང་དང་ཁ་ན་ཌའི་མི་དམངས། གྲོས་ཚོགས་སོགས་ལ་དངོས་ཡོད་གནས་ཚུལ་སྙན་སེང་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ཁེ་ན་ཌའི་གཞུང་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་རྒྱུ་དང་ལྷན་ད་དུང་མུ་མཐུད་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། ཚོགས་བཞུགས་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས།།