༢༠༡༣ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་བྱང་ཁལ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་འགན་འཛིན་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༤ ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བྱང་ཁལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡོངས་ལ་ད་ལྟའི་འབྲེལ་ཡོད་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་གནས་སྟངས་དང་།
དེ་བཞིན་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་ཚུལ་ཐོག་གདུང་སེམས་མཉམ་སྐྱེའི་ལས་འགུལ་བསམ་པ་རྣམ་དག་སྒྲུབ་ཕྱོགས། ཕྱོགས་མཚུངས་བོད་རིགས་ཡོངས་ནས་ནང་དོན་དམ་གཙང་ཐོག་བོད་དོན་བདེན་མཐའ་གསལ་ཆེད་ལས་འགུལ་གང་ཞིག་སྤེལ་རུང་མུ་མཐུད་སྔར་ལྷག་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཚོགས་མི་རྣམ་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །