ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༠༩ ཕྱི་ཟླ་ ༤ ཚེས་ ༡༩ ཕྱེད་ཡོལ་ཙམ་དུ་རྡ་ས་བཞུགས་སྒར་ཕོ་བྲང་ནས་སྐུ་འཁོར་དང་བཅས་གྷ་གལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་སྒྱུར་གྱིས་ཕྱི་ཚེས་ ༢༠ དགོང་དྲོ་ལྡི་ལི་ནས་མཁའ་ལམ་ཐོག་ཉི་ཧོང་བརྒྱུད་ཨ་རིའི་གྲོང་ཁྱེར་Santa Barbaraཞེས་པའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་གཞུང་སྐུ་ཚབ་དོན་གཅོད་དང་གྲོང་ཁྱེར་དེའི་གལ་ཆེའི་མི་སྣ་ཁག་གཅིག་ནས་གདན་ཞུས་ཀྱིས་ཉིན་གྲངས་གཉིས་རིང་མཛད་འཆར་ཁག་སྐྱོང་བཞིན་ཡོད་པ་དང་། དེ་རྗེས་ཕྱི་ཟླ་ ༥ ཚེས་ ༥ བར་ཨ་རིའི་ས་ཁུལ་ཁག་བཞིའི་ནང་ཚོགས་པ་ཆེ་ཁག་ནས་གདན་ཞུས་ལྟར་མཛད་འཆར་ཁག་བསྐྱང་རྒྱུ་ཡིན་པའི་གནས་བསྡུས་སུ།།