ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༡༥ རེས་གཟའ་ལྷག་པ།
༄༅། །བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག ༢༠༠༩ ཕྱི་ཟླ་ ༤ ཚེས་ ༡༦ ཕྱི་དྲོ་ནས་ཚེས་ ༢༧ སྔ་དྲོ་བར་ཉིན་གྲངས་ ༡༠ རིང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་རེད་འདུག དེ་ཡང་ཕྱི་ཚེས་ ༡༦ ཕྱི་དྲོ་རྡ་ས་ནས་པ་ཀོར་བརྒྱུད་ཕེབས་ཐོན་གྱིས་ཚེས་ ༡༧ སྔ་དྲོ་ལྡི་ལིར་ཕེབས་འབྱོར་གནང་སྟེ་ཉིན་དེའི་ཕྱི་དྲོ་ལྡི་ནས་མཁའ་ལམ་ཐོག་ལོན་ཌོན་བརྒྱུད་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས་ཚེས་ ༡༩ ནས་ ༢༣ བར་ཉིན་གྲངས་ ༥ རིང་ཁུལ་དེའི་ལས་འཆར་ཁག་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ལོན་ཌོན་ནས་ལྡི་ལི་བརྒྱུད་ཕྱི་ཚེས་ ༢༧ ཉིན་སྔ་དྲོ་རྡ་སར་ཕྱིར་ཕེབས་གནང་རྒྱུ་བཅས་ཀྱི་གནས་བསྡུས་སུ།