ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༨ རེས་གཟའ་ལྷག་པ།
༄༅། །བཀའ་ཁྲིའི་སྒེར་དྲུང་ནས་ ༢༠༠༩ ཕྱི་ཟླ་ ༤ ཚེས་༧ འཁོད་གནས་ནང་གསལ། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག ༢༠༠༩ ཕྱི་ཟླ་ ༤ ཚེས་ ༨ སྔ་དྲོ་རྡ་ས་ནས་རླངས་འཁོར་བརྒྱུད་པ་ཀོར་དུ་ཕེབས་འབྱོར་གྱིས་དེ་གར་པྲས་ཐན་ཨ་ཤྲམ་གྱི་ཚོགས་འདུར་ཚོགས་ཞུགས་གནང་རྗེས་ཅཀྐཱི་བྷེྐ་རུ་ཕེབས་རྒྱུ་དང་། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཝ་ཎཱརཱ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༠ ནས་ཕྱི་ཚེས་ ༡༡ བར་ཉིན་གྲངས་ཉིན་རིང་ཝ་ཎར་གུཇ་རཱཏ་བིདྷརཡཔིཋ་གཙུག་ལག་སློབ་ཁང་དང་ཝཱཎཱ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ཐུན་མོང་ནས་གོ་སྒྲིག་གནང་བའི་ཟབ་སབྱོང་ནང་ལྷན་ཞུགས་དང་མཇུག་བསྡོམས་ཀྱི་ཉིན་མོར་གཏམ་བཤད་གནང་རྒྱུ། ཕྱི་ཟླ་ ༤ ཚེས་ ༡༡ ཉིན་མུ་གལ་སརཡ་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་ཕྱི་ཚེས་ ༡༢ ཉིན་ལྡི་ལི་གསར་པ་ནས་མཁའ་ལམ་བརྒྱུད་གྷ་གལ་དང་ཆུ་ཚོད་ ༡༦།༤༥ ཙམ་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུའི་གནས་བསྡུས་སུ།།