༢༠༡༢ ཟླ་ ༡༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཉེ་ལམ་སྐུ་ཞབས་ན་རེན་དྲ་མོ་དི་མཆོག་ (Mr Narendra Modi)ཇུ་ཇི་ར་ཏི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་སྐུ་ཞབས་ཝིར་བྷ་དྲ་སིངྒ་ (Mr Virbhadra Singh) མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་ཁྲིད་སོ་སོར་འཚམས་འཕྲིིན་ཕུལ་བའི་ནང་འཁོད་དོན།
དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐུ་ཉིད་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་བསྐོ་གཞག་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ༌དང། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་དང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་འོས་བསྡུའི་སྐབས་རྒྱལ་ཁ་ཤུགས་ཆེ་ཐོབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་མཆོག་གི་ལས་དོན་གང་ཅིའི་ཐོག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་མངའ་སྡེའི་ནང་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་ང་ཚོར་ཡིད་ཆེས་ཡོད། སྐུ་ཉིད་མཆོག་གིས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད། གསུང་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་ཕབ་བསྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ། །