༢༠༡༢ ཟླ་ ༡༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ (SARD) གོ་སྒྲིག་འོག་བོད་མི་གཞོན་སྐྱེས་ ༤༦ ལ་ཚོང་གི་ལས་དོན་ཆུང་ཚག་རིགས་ལ་མ་རྩ་འཛུགས་ཕྱོགས་དང་འབྲེལ་བའི་ཚོང་འབྲེལ་ལས་དོན་གཉེར་ཕྱོགས་ཐད་(Empowering Tomorrow`s Entrepreneur)ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ (Bangalore) གྱི་ནི་ལ་མངྒ་ལའི་ (Neelamangala) ས་ཁུལ་དུ་རྟེན་གཞི་བྱས་པའི་ཚོང་ལས་ཆུང་ཚག་ཟབ་སྦྱོང་བསྟི་གནས་ཁང་ (Institute of Small Trade Learning Center) དུ་གོ་སྒྲིག་ཞུས་ཡོད། ལས་གཞི་དེ་བཞིན་གཞོན་སྐྱེས་ནུས་ཤུགས་གོང་མཐོར་སྤེལ་རྒྱུའི་ལས་གཞིའི་ (Youth Empowerment Support) འོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག
ཟབ་སྦྱོང་དེ་ནི་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་འགོ་བཙུགས་ཀྱིས་ཕྱི་ཚེས་ ༢༨ བར་འཚོགས་རྒྱུ་ཡིན་འདུག ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་ཟབ་སྦྱོང་བ་རྣམས་ལ་གཞོན་སྐྱེས་ནུས་ཤུགས་གོང་མཐོར་སྤེལ་རྒྱུའི་ལས་གཞི་ (YES) འདིའི་འོག་སྐོར་མཁོར་མ་དངུལ་ ( revolving fund loan)གྱི་བུན་གཡར་ཐོག་གོ་རྟོགས་སྤེལ་བ་བརྒྱུད་ཚོང་ལས་ཆུང་ཚག་ཐོག་ལས་གཞི་འགོ་འཛུགས་ཆེད་འབྲེལ་ལམ་བྱ་རྒྱུའི་ནུས་པ་གོང་མཐོར་གཏོང་རྒྱུ་སོགས་ཡིན་འདུག
ཟབ་སྦྱོང་དབུ་འབྱེད་སྐབས་ལྷོསྤྱི་ཀརྨ་སེང་གེ་ལགས་ཀྱིས་གསུང་བཤད་གནང་བ་དང། ཐེངས་འདིར་ཟབ་སྦྱོང་སྤྲོད་མཁན་ཁོངས་ནས་སྤྱི་འཐུས་བུ་མོ་ཚེ་རིང་ལགས་དང་སྐུ་ཞབས་བསྟན་འཛིན་དབང་རྒྱལ་ལགས། བསྟན་འཛིན་ཚེ་དབྱངས་ལགས་སོགས་ཡིན་འདུག་པ་བཅས།།