༢༠༡༢ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །འདི་གར་སིམ་ལ་ས་གནས་འགོ་འཛིན་གྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༡ ཉིན་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གཙོས་ལས་ཁུངས་ཀྱི་ལས་བྱེད། ས་གནས་ཀྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ཀྱིས་བོད་མིའི་སྒྲིག་འཛུགས་དང་སིམ་ལར་གནས་སྡོད་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་ཧི་མ་ཅལ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ (Himachal Pradesh Congress Committee) ཚོགས་གཙོ་སྐུ་ཞབས་ཝིར་བྷ་དྲ་སིངྒ་(Raja Virbhadra Singh) མཆོག་ལ་ཐེངས་འདིའི་མངའ་སྡེའི་གྲོས་ཚོགས་ཀྱི་(Vidhan Sabha) འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཆབ་སྲིད་ཚོགས་པ་འདིའི་བྱ་བ་མཐའ་དག་ལམ་ལྷོང་ཡོང་རྒྱུའི་སྨོན་འདུན་ཡང་ཞུས་འདུག་པ་བཅས།།