༢༠༡༢ ཟླ་ ༡༡ ཚེས་ ༡༣ རེསགཟའ་མིག་དམར།
༄༅། །འདི་ག་ཤེས་རིག་ལས་ཁུངས་དབུས་མའི་ནང་མདུན་ལམ་སློབ་སྟོན་པའི་ལས་རོགས་ཁྱད་ལས་པ་གཅིག་ལོ་གཉིས་རིང་བོད་མའི་སྒྲིག་འཛུགས་ཀྱི་དྲུང་གཞོན་ལས་རོགས་ཀྱི་ཕོགས་རིམ་ཐོག་ཆོད་གན་ངོ་བོར་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་གོང་གསལ་ལས་སྣེར་ཞུགས་བློ་ཡོད་རིགས་ཚོས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས། འཚང་སྙན་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༠ འགྱངས་མེད་འབུལ་དགོས་པ་དང༌། འཚང་སྙན་ནང་སོ་སོའི་ཞལ་དཔར་ཨང་དང་ཨི་མེལ་ཁ་བྱང༌། མྱུར་འཕྲིན་ཨང་ཡོད་ཚེ་ངེས་པར་འཁོད་དགོས། གོང་འཁོད་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་ལ་ངོས་བཞེས་ཐོབ་རྒྱུ་མིན། ལག་འཁྱེར་ཁག་གི་ངོ་བཤུས་སྔོན་འབུལ་དགོས་པའི་ཐོག འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་འཁྱེར་དགོས།
གཤམ་གསལ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་ཁག་ལ་ཨིན་བོད་གཉིས་ཐོག་ ༢༠༡༣ ཟླ་ ༡ ཚེས་ ༣ ཉིན་ངག་རྒྱུགས་ལམ་ནས་འདེམས་སྒྲུག་བྱ་རྒྱུ་དང༌། མཐའ་མའི་འདེམས་སྒྲུག་ཟིན་རྗེས་གཉིས་མོས་ཆོད་གན་འཇོག་རྒྱུ། རྒྱུགས་བཞེས་སུ་ཕེབས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་དོ་བདག་རང་ངོས་ནས་གཏོང་དགོས་པ་ཡིན།
དགོས་ངེས་ཆ་རྐྱེན།
༡་ ངོས་འཛིན་ཡོད་པའི་རྒྱ་གར་དང་ཕྱི་རྒྱལ་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། བསམ་བློའི་ཚན་རིག Psychology ཐོག་གཙུག་ལག་རབ་འབྱམས་པ་M.A or M.Sc.ཐོན་པའམ། ཡང་ན་ཤེས་ཡོན་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་M.A Education ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་ལ་གྲུབ་འབྲས་ཨང་སྡེ་གཉིས་པ་Second Division ཡན་སོན་པ།
༢་ ངོས་འཛིན་ཡོད་པའི་མཐོ་རིམ་སློབ་ཁང་གང་རུང་ནས། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་Guidance & Counseling ཐོག་ཉུང་མཐར་དུས་ཡུན་ཟླ་དྲུག་རིང་མཐོ་རིམ་ཁྱད་སྦྱོང་Post Graduate Diploma གང་རུང་ཐོན་པའི་ལག་འཁྱེར་ཡོད་དགོས། འོན་ཀྱང་རྩ་བའི་གཙུག་ལག་རབ་འབྱམས་Master Degreeཔའི་ལག་འཁྱེར་དེ་ཉིད་སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་Guidance & Counseling ཐོག་ཡིན་ཚེ་གོང་གསལ་མཐོ་རིམ་ཁྱད་སྦྱོང་གི་ལག་འཁྱེར་ཟུར་དུ་མེད་ཀྱང་འགྲིག་རྒྱུ།
༣་ སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་གྱི་ལས་སྒོར་དངོས་སུ་ཞུགས་མྱོང་ཡོད་རིགས་དང༌། དགེ་རྒན་གྱི་ལས་སྒོར་ཞུགས་མྱོང་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་འཐོབ་རྒྱུ་བཅས།
༤་ ཕྱི་ལོ་ ༢༠༡༢།༡༢།༣༡ བར་འབུལ་འབབ་གཙང་འབུལ་ཞུས་པའི་དན་རྟགས་སུ་བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༥་ ངོས་འཛིན་ཚད་ལྡན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་བདེ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༦་ ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༧་ དོ་བདག་རང་ལོ་ ༥༠ མ་བརྒལ་བའི་ཁུངས་སྐྱེལ་དུ་སྐྱེ་ཚེས་ལག་འཁྱེར། ཡང་ན་འཛིན་རིམ་བཅུ་པའི་ལག་འཁྱེར་གྱི་འདྲ་བཤུས།
༨་ གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ཐོག་ལས་ཁུངས་ཁག་གི་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན་ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་ཞིག་ནས་ངོ་འདྲ་ཧེ་བག་མེད་པའི་དག་མཆན་ངེས་པར་འཁོད་དགོས།
ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༣ ལ།།
The Secretary,
Department of Education
Central Tibetan Administration
Gangchen Kyishong
Dharamsala – 176215
Distt. Kangra,
H.P. India
Fax : 01892 – 223481
Tel : 01892 – 222572/ 222721
Email: [email protected]
website: www.tcewf.org