༢༠༡༢ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ཁུལ་དུ་ཉིན་བཅུའི་མཛད་འཕྲིན་བསྐྱངས་སྐབས་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་ཚོགས་ཁང་དུ་མང་ཚོགས་ལ་བཀའ་སློབ་སྩོལ་སྐབས་རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམ་ཤེས་ཐོག་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་མ་གཏོགས། དེ་ལས་ལྡོག་སྟེ་དངོས་ཡོད་གནས་ཚུལ་དང་མ་འཚམ་པའི་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས་བོད་མིའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་གང་ཡང་མེད། བོད་མི་རྣམས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་ནས་བཟུང་དཀའ་སྡུག་ཧ་ཅང་མྱངས་ཡོད། ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། ལར་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཇི་ཙམ་ཆེ་རུ་གཏོང་བ་དེ་ཚོད་ཀྱིས་བོད་མི་རྣམས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་རྒྱུའི་ཆོད་སེམས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རྒྱ་ནག་དཔོན་རིགས་ཚོར་བརྡ་ལན་གསལ་པོ་སྤྲད་ཡོད། ཅེས་བཀའ་སློབ་སྩལ་ཡོད་པ་བཅས།།