༢༠༡༠ ཟླ་ ༨ ཚེས་ ༸ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༥ ཉིན་གྱི་མཚན་མོར་ལ་དྭགས་ཀྱི་རྒྱལ་ས་སླེའི་ནང་གློ་བུར་སྤྲིན་ཆར་བརྡོལ་ཏེ་ཆུ་རུད་ཤུགས་ཆེ་བྱུང་བར་བརྟེན་ལྩོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་ཀྱི་ཉེ་འགྲམ་ཧིན་བོད་ས་མཚམས་ཉེན་རྟོག་ལས་ཁུངས་ (ITBP) གཡས་གཡོན་དུ་ལ་དྭགས་ས་གནས་ཡུལ་མི་གཙོ་བོར་གྱུར་བའི་ལྕོག་ལམ་སར་བོད་པའི་གཞིས་ཆགས་ཀྱི་བརྒྱ་ཤོག་ ༡༠ དཔེ་ཐུབ་དང། བརྒྱ་ཤོག ༤ གཉིས་ལ་གནོད་སྐྱོན་བྱུང་འདུག དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན་འབྱུང་བའི་གོད་ཆག་དེའི་འོག་ད་བར་མི་གྲངས་ ༡༥༠ ཙམ་ཚེ་སྲོག་ཤོར་བ་དང། མི་གྲངས་ ༥༠༠ ཙམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པར་བརྟེན་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་གསུང་འདོན་གནང་རྒྱུ་ཡིན་འདུག