༢༠༡༢ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལཱལ་ནེ་ཧེ་རུའི་གཙུག་ལག་སློབ་གྲྭའི་ (Jawaharlal Nehru University) ཀོན་ཝན་ཤན་ཚོགས་ཁང་ (Convention Centre, Lecture Hall-1) དུ་སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ལངས་ཕྱོགས་འཛིན་བཞིན་པའི་གནད་དོན་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག གསུང་བཤད་གོ་སྒྲིག་གནང་མཁན་ཇ་ཝ་ཧར་ལཱལ་ནེ་ཧེ་རུའི་གཙུག་ལག་སློབ་གྲྭའི་ཇེ་པི་ཚོགས་པ་ J.P. Foundation དང་ཕྱི་དྲིལ་ལས་ཁུངས། དེ་བཞིན་ལྡི་ལི་སྐུ་ཚབ་དོན་ཁང་བཅས་ཐུན་མོང་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག
ཕྱོགས་མཚུངས་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇཱ་མི་ཡཱ་མི་ལི་ཡཱ་ཨི་སི་ལཱ་མི་ཡཱ་ (Jamia Millia Islamia University) ཁ་ཆེའི་གཙུག་ལག་སློབ་གྲྭའི་གྲངས་ཉུང་མི་རིགས་དང་རྒྱ་གར་དཱ་ལི་ཏི་(Dalit) ཞེས་རིགས་དམའ་བའི་གནད་དོན་ཐོག་ཤེས་ཡོན་ཚན་པས་ Dr. K. R. Narayanan Centre for Dalit and Minorities Studies གོ་སྒྲིག་འོག་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཀེ་ཨར་ན་ར་ཡན་མཆོག་གི་ལོ་འཁོར་དྲན་རྟེན་ལྷན་ཚོགས་ཐེངས་དྲུག་པའི་ (6th Dr. K. R. Narayanan Memorial Lecture) སྐབས་གསུང་བཤད་གནང་རྒྱུ་ཡིན་འདུག གསུང་བཤད་གནང་ཡུལ་ནི་ཨེ་ཌི་ཝ་ཌི་སེཌ་ཚོགས་ཁང་ (Edward Said Hall) ནང་ཡིན་འདུག་པ་བཅས།།