ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣༡ རེས་གཟའ་སྤེན་པ།
༄༅། འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༩ ཉིན་གྱི་ཉིན་དགུང་གཡས་གཡོན་དུ་ཁམས་དཔའ་ཤོད་རྫོང་ཁོངས་གནས་རྭ་དགོན་གྱི་དགེ་འདུན་པ་བཞིས་ལག་ཏུ་༸གོང་ས་མཆོག་གི་སྐུ་དཔར་འཁྱེར་ཏེ་༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཡོད། ཅེས་སོགས་ཞི་བའི་སྐད་འབོད་བྱེད་སྐབས་རྫོང་སྤྱི་བདེ་མི་སྣ་སོགས་འབྲེལ་ཡོད་ཚན་པས་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ཤི་མིན་རོ་མིན་དུ་གྱུར་ཡོད་པ་མ་ཟད། དགེ་འདུན་པ་གཞན་དེ་དག་ལའང་ཉེས་རྡུང་ཚབས་ཆེ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག་ཅིང་། གནས་ཚུལ་བྱུང་མ་ཐག་ས་གནས་སུ་དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱེད་བཞིན་པར་བརྟེན་ཐོག་མའི་གནས་ཚུལ་བྱུང་རིམ་དང་ཞིབ་ཕྲའི་དགེ་འདུན་པ་དེ་དག་གི་མིང་གཞུང་སོགས་ད་ལྟ་ཁ་གསལ་མི་འདུག