༢༠༡༢ ཟླ་ ༡༠ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་འབུམ་ལ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་དོན་རྒྱབ་བསྐྱོར་ཚོགས་པ་Bharat Tibet Sayong Munch པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༠ ནས་ཨ་སམ་མངའ་སྡེའི་རྒྱ་ས་གོ་ཧ་ཊི་ནས་རྟ་དབང་གོམ་འགྲོས་Tawang Yatra འགོ་བཙུགས་ཀྱི་ཤི་ལོང་ས་གནས་འགོ་འཛིན་གྱིས་གཙོས་མི་མང་གང་ཙམ་ཞིག་མཉམ་ཞུགས་ཀྱིས་ཏེ་ཛི་པུར་ཕེབས་འབྱོར་ཐོག་བསྟན་འཛིན་སྒང་གཞིས་ཆགས་ཀྱི་མཉམ་དྲུང་བསྟན་འཛིན་རིག་བཟང་ལགས་དང་ལས་དྲུང་བློ་བཟང་དབང་ཕྱུག་གཉིས་ཀྱིས་ཕེབས་བསུའི་མཇལ་དར་བསྒྲོན་རྗེས། ཏེ་ཛི་པུར་རུ་གསར་འགོད་གསལ་བསྒྲགས་ཞུས་གྲུབ་བསྟུན་འབུམ་སྡེ་ལ་རུ་ཕེབས་ཐོན་གྱིས་ཕེབས་ལམ་དུ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ན་རེ་ཤི་གོ་ལོ་(Narsh Glow) མཆོག་གིས་གསོལ་ཇ་བཞེས་ཏོག་གོ་སྒྲིག་ཞུས་ཡོད། དེ་ནས་དགོང་དྲོ་ཆུ་ཚོད་ ༨ ཙམ་ལ་འབུམ་སྡེ་ལ་རུ་ཕེབས་འབྱོར་གྱིས་བསྟན་འཛིན་སྒང་གཞིས་ཆགས་ནས་བོད་མི་སུམ་ཅུ་ཙམ་དང་འབུམ་སྡེ་ལ་ཁ་འཐོར་མི་མང་འདུ་འཛོམས་ཀྱིས་ཕེབས་བསུ་མཇལ་དར་བསྒྲོན་ནས་གསོལ་ཇ་བཞེས་ཏོག་འདེགས་འབུལ་གྱི་བསྟན་སྒང་མཉམ་དྲུང་བསྟན་འཛིན་རིག་བཟང་ནས་མཛད་རིམ་སྒྲོགས་སྦྱང་དང་འབུམ་ལ་ལས་དྲུང་བཀྲིས་ནོར་བུས་འཚམས་འདྲི་ཞུས་རྗེས་ཚོགས་པའི་འགོ་གཙོ་ཨིན་ཌེ་རི་ཤི་ཀུ་མར་Indresh Kumar མཆོག་ནས་ལས་འགུལ་དེའི་དམིགས་ཡུལ་དང་དགོས་པ་ཁག་གསལ་བརྗོད་ཞུས།
༡། མོན་རྟ་དབང་དེ་བཞིན་རྒྱལ་གར་ས་ཁུངས་ཡིན་པ་དང་རྒྱ་ནག་གིས་ཡིན་ཁུངས་དེ་དག་བདེན་པ་མེད་པའི་གནས་ཚུལ།
༢། ཕྱི་ལོ་ ༡༩༦༢ ཟླ་ ༡༠ ནང་རྒྱ་དཀར་ནག་གཉིས་དམག་འཁྲུག་བྱུང་སྐབས་རྒྱ་གར་གྱིས་དམག་མི་འདས་གྲོངས་སུ་འགྱུར་བས་དྲན་རྟེན་བཞེངས་པ་རྣམས་ལ་གུས་འདུད་ཞུ་རྒྱུ།
༣། ས་མཚམས་དེ་བཞིན་བོད་དང་རྒྱ་གར་ས་མཚམས་ལས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་མིན་པས་འགྲེལ་བརྗོད་གོ་རྟོག་སྤེལ་རྒྱུ།
༤། བོད་ནང་ལ་སྐུ་ལུས་མེ་བསྲེགས་མུ་ཐུད་གནང་བཞིན་པར་གདུང་སེམས་མཉམ་སྐྱེ་དང་གནས་སྟངས་ཇི་ཡིན་ཞིབ་འཇུག་དགོས་པའི་འབོད་བསྐུལ།
ཕྱི་ཚེས་ ༡༢ ཉིན་འབུམ་སྡེ་ལ་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༤༧ དང་འབུམ་ལ་བསྟན་འཛིན་སྒང་ས་གནས་བོད་མི་གྲངས་ ༣༥ མཉམ་ཞུགས་ཀྱིས་རླངས་འཁོར་གྲངས་ ༡༡ ལ་བོད་རྒྱལ་ཁ་ཆེན་པོའི་རྒྱལ་དར་དང་རྒྱལ་གར་རྒྱལ་དར་སྒྲེང་འཛུགས་ཀྱིས་མོན་རྟ་དབང་ནས་ཐོན་ཏེ་འགྲོ་ལམ་དུ་ཡུལ་མི་རྣམས་ནས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ལ་དོ་སྣང་དང་། ཕྱི་ཚེས་ ༡༣ ཉིན་མོན་རྟ་དབང་ནས་བོད་ཀྱི་ས་མཚམས་སུ་ཐོན་ནས་ས་མཚམས་སུ་འགྲོ་སྐབས་ཆོག་མཆན་བཀའ་འཁྲོལ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཡོད་ཀྱང་བོད་མི་རྣམས་ལ་དུས་ཚོད་ཀྱི་རྐྱེན་པས་ཞུ་ཐུབ་མེད་ཀྱང་འགྲོ་ལམ་དུ་དམག་མི་བཀག་འགོག་པ་གྲངས་ ༤ ཡོད་ཀྱང་བོད་དོན་རྒྱབ་སྐྱོར་ལྷན་དུ་བོད་མི་རྣམས་ཀྱང་འགྲོ་བསྐྱོད་ཐུབ་པ་བྱུང་སྟེ་མཐར་ས་མཚམས་སུ་སླེབས་སྐབས་མི་ཚང་མས་སེམས་ནང་ལ་འཚོ་བ་ཤུགས་ཆེ་བྱུང་བ་དང་ས་མཚམས་སུ་སླེབས་སྐབས་ཚང་མས་སྨོན་ལམ་བཏོན་པ་དང། ཕྱག་ཕུལ། ཆུ་བོ་གངྒའི་ཆུ་དང་གནས་ཆུང་ཕྱག་ནས་སོགས་གཏོར། སྐུ་རླུང་དར་འཛུགས་དང་བོད་ཀྱི་རྒྱལ་དར་གནམ་མཁར་གཡུགས་ནས་སྨོན་ལམ་འདེབས་པ། བོད་ཀྱི་ས་རྡོ་འཁྱེར་བ་སེམས་ཚོར་ཆེན་པོ་བྱུང་ནས་ཚོུད་ ༡ ལྷག་ཙམ་ས་མཚམས་སུ་སྡོད་རིང་ལ་བོད་རྒྱལ་དར་ལྷན་འདྲ་དཔར་བརྒྱབ་པ་སོགས་བོད་ཀྱི་རྒྱལ་དར་ས་མཚམས་སུ་སླེབས་ཐུབ་པར་བརྟེན་རྩ་དོན་ཐོགས་ཕན་ཐོགས་ཆེན་པོ་བྱུང་ཡོད། དགོང་དྲོ་ཚོུད་ ༣ ཙམ་ལ་རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་མཁན་རིན་པོ་ཆེ་མཆོག་གིས་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་ནས་ས་མཚམས་སུ་འགྲོ་མཁན་རྣམས་ནས་དེ་ཁུལ་ལ་གནས་པའི་ཡུལ་མི་རྣམས་ལ་སེམས་ཁུར་སྐྱེད་ཐུབ་བྱུང་ཡོད། དེ་རྗེས་དགོངས་དྲོ་དམག་སྒར་ནང་༸གོང་ས་མཆོག་བོད་ནས་ཆིབས་སྒྱུར་བསྐྱངས་པའི་སྐོར་དང་གཞན་ཡུལ་ལྗོངས་བསྐོར་ལ་གློག་བརྙན་དང་གསོལ་ཇ་གྲ་སྒྲིག་མཐུན་འགྱུར་གནང་བ་དང༌། ཕྱི་ཚེས་ ༡༤ སྔ་དྲོ་ཚོུད་ ༦ པ་ལ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་རྟ་དབང་བོད་མི་ནས་གསོལ་ཇ་དང་མཇལ་དར་བསྒྲོན་པ་དང་ལས་དྲུང་ངོས་ནས་ཐུགས་རྗེ་དང་མ་འོངས་ལས་འགུལ་དེ་དག་ཤུགས་ཆེ་སྤེལ་གནང་བྱུང་ཚེ་བོད་མི་རྣམས་ནས་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་འབོད་སྐུལ་ཞུས་པ་དང་ལྷན་ཚང་མས་རྒྱ་མིའི་ས་མཚམས་མ་འབོད་པར་བོད་ཀྱི་ས་མཚམས་ཞེས་འབོད་གནང་ཡོང་བ་འབོད་སྐུལ་ཡང་ཞུས་ཡོད། དེ་རྗེས་རྟ་དབང་སྨན་པ་ནས་ཀྱང་ཐུགས་རྗེ་ཆེ་ཞུས་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགོ་གཙོ་ཨིན་ཌེ་རི་ཤི་ཀུ་མར་མཆོག་ནས་ལས་འགུལ་གང་ལེགས་བྱུང་ཚུལ་གསུང་བཤད་གནང༌། མཐའ་དོན་རྟ་དབང་ཁྲོམ་གཞུང་ནང་དུ་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་སྐལ་བཟང་ཐོན་པོའི་ངང་འབུལ་ལམ་ཞུས། ད་རེ་ལས་འགུལ་དེ་སྔར་བྱུང་མ་མྱོང་དང་བོད་ཀྱི་རྒྱལ་དར་ས་ཕྱོགས་གང་སར་མཉམ་འཁྱེར་ཐུབ་པ་དང་ལྷག་པར་ས་མཚམས་སུ་རྒྱལ་དར་སླེབས་པ་དང་བོད་མི་ཕོན་ཆེ་འགྲོ་བསྐྱོད་ཐུབ་པ་རྒྱ་དམར་དམག་མི་རྟོགས་ཞིབ་ཐུབ་པ་བྱུང་ནས་རྒྱལ་རབ་ལོ་རྒྱུས་ནང་བྱུང་མ་མྱོང་བས་ལས་འགུལ་ཞིག་ཡིན་པ་གསལ་སྟོན་ཐུབ་ཡོད་པ་བཅས།།