༢༠༡༢ ཟླ་ ༡༠ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །འདི་གར་སེ་ལ་ཀུའི་བོད་ཁྱིམ་ནས་བཏང་གནས་ནང་འཁོད་དོན། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་ཁྱབ་ཁོངས་སེ་ལ་ཀུའི་ལས་རིགས་སློབ་ གཉེར་ཁང་དང་། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ་གཉིས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༠༠ ཐོག་ཧར་སྤུར་ས་གནས་འགོ་འཛིན་གཙོས་ས་འཐུས་ཚོགས་གཙོ་ཚོགས་གཞོན་དང་། ས་གནས་རང་བདེན་ཚོགས་ཆུང། ས་གནས་གཞོན་ནུ་དང་ས་གནས་བུད་མེད་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམས་ཀྱིས་རྒྱ་གར་བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་དེ་ཉིད་ཧར་སྤུར་དྭང་ཟུར་རྒས་གསོ་ཁང་ནས་ཆུ་ཚོད་ ༨།༣༠ ཐོག་སེ་ལ་ཀུའི་ལས་རིགས་སློབ་གཉེར་ཁང་གི་འགན་འཛིན་ལྷག་པ་ལགས་སུ་རབརྒྱུད་སྤྲོད་་ གནང་ཡོད། སེ་ལ་ཀུའི་ལས་རིགས་སློབ་གཉེར་ཁང་གི་འགན་འཛིན་དང་དགེ་ལས་སློབ་ཕྲུག་ཡོངས་ནས་རུ་བསྟར་ལེགས་སྒྲིག་གིས་ཕེབས་བསུའི་སྣེ་ལེན་ཞུས་ནས་ཆུ་ཚོད་ ༨།༣༠ ཐོག་མཛད་སྒོར་མཉམ་ཞུགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད།
ཕྱི་ལོ་ ༢༠༡༢ ཟླ་བ་ ༩ པ་ ཚེས་ ༡༧ གྱི་སྔ་དྲོ་ཆུ་ཚོད་ ༥་༣༠ ཐོག་སེ་ལ་ཀུའི་བོད་ཁྱིམ་སིལ་པོལ་ཐང་ཆེན་དུ་སེ་ལ་ཀུའི་བོད་ཁྱིམ་སློབ་ སྤྱི་དང་ལས་སློབ་ལྷན་འཛོམས་ཐོག་ལས་རིགས་སློབ་གཉེར་ཁང་གི་འགན་འཛིན་དང་ལས་སློབ་བཅས་ཀྱི་ཕྱག་ནས་བདེན་པའི་མེ་ལྕེ་རྩིས་བཞེས་གནང་། ཐོག་མར་སློབ་སྤྱིས་བདེན་པའི་མེ་ལྕེ་ལ་མཇལ་དར་བསྒྲོན་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང། དེ་ནས་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་ལུས་ཞུགས་འབུལ་གནང་མཁན་རྣམས་ཀྱིས་མཚོན། བོད་ཀྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་སྐར་མ་ ༡ རིང་མྱ་ངན་གུས་འདུད་ཞུས། དེ་རྗེས་བོད་སྐད་དང་ཨིན་ཇི། ཧིན་དྷི་བཅས་སྐད་ཡིག་གསུམ་གྱི་ཐོག་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གསལ་བསྒྲགས་སྒྲོགས་སྦྱང་ཞུས་པ་དང་སློབ་སྤྱིས་མཇུག་བསྡོམས་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང། ཕྱི་ཚེས་ ༡༨ ཉིན་རྒྱབ་སློབ་གྲྭའི་དགེ་ཆེ་དང་ལས་སློབ་ ༤༠ ཙམ་གྱིས་བདེན་པའི་མེ་ལྕེ་བསྣམས་ཏེ་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལ་བརྒྱུད་སྤྲོད་གནང་ཡོད་པ་བཅས།།
སེ་ལ་ཀུ་རུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)