༢༠༡༢ ཟླ་ ༡༠ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །འདི་གར་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་ནས་བདེན་པའི་མེ་ལྕེ་ས་གནས་སོ་སོར་སྐོར་བསྐྱོད་ཟླ་ཚེ་གཏན་འབེབས་སྔོན་ཟིན་ལྟར། སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་སུ་ཕྱི་ལོ་ ༢༠༡༢ ཟླ་བ་ ༩ ཚེས་ ༡༨ ཉིན་རྒྱབ་ཆུ་ཚོད་ ༠༣།༥༠ ཐོག་སེ་ལ་ཀུའི་བོད་ཁྱིམ་སློབ་གྲའི་བདེན་པའི་མེ་ལྕེ་ཚོགས་ཆུང་ནས་བདེན་པའི་མེ་ལྕེ་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུང་དུ་བརྒྱུད་སྤྲོད་གནང་ཡོད། དེ་ཡང་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁང་གི་ཁྱབ་ཁོངས་སུ་རྟོགས་པའི་ས་གནས་ཁག་དགུའི་ནང་ཕྱི་ལོ་ ༢༠༡༢ ཟླ་བ་ ༩ ཚེས་ ༡༩ ནས་ ༢༠༡༢ ཟླ་བ་ ༡༠ ཚེས་ ༠༣ བར་ཉིན་གྲངས་ ༡༥ རིང་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་འཆར་གྱི་ཐོག་མ་དོན་འགྲུབ་གླིང་དང༌། དེ་རྗེས་བདེ་སྐྱིད་གླིང༌། དེ་ནས་རིམ་པས་ར་ཇི་སྤུར་ཁ་འཐོར་དང་བུད་མེད་མཉམ་ལས་བཟོ་གྲྭ གཞིས་གསར་ཚེ་རིང་དོན་ལྡན་དང་གླིང་ཚང་གཞིས་ཆགས་ནང་སྐོར་བསྐྱོད་གནང་རྗེས་མ་སུ་རི་ནང་ཉིན་གསུམ་དང་ནེ་ནི་ཊལ་དུ་ཉིན་གཉིས། ས་ཧ་རན་སྤུར་དུ་ཉིན་གཉིས་བཅས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༣ ཉིན་སྤ་ནི་པ་ཏི་བོད་མིའི་སྐྱིད་སྡུག་ཏུ་བརྒྱུད་སྤྲོད་གནང་འཆར་ཡོད་པ་བཅས།།
བདེན་པའི་མེ་ལྕེ་སྐོར་བསྐྱོད་སྡེ་ར་ལྡུན་ས་གནས་སུ་རྒྱལ་ཁའི་ངང་འབྱོར་བ།
གསར་གནས།
འབྲེལ་གནས།