༢༠༡༢ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་གཞིར་བཟུང་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་ཨུ་ཊི་སུད་ཚོང་བ་མི་མང་གྲངས་ ༤༠ ཙམ་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༣ ཉིན་མེང་ལོར་དུ་ཡོད་པའི་མཐོ་སློབ་ནང་སྐྱོད་བཞིན་པའི་བོད་ཕྲུག་སློབ་མ་གྲངས་ ༢༤ ཙམ་ལ་གོང་གསལ་བཞིན་ཁྲིམས་ལུགས་གོ་རྟོགས་སྤེལ་བར་ས་གནས་གཉིས་ཀའི་མི་མང་དང་སློབ་མ་རྣམས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་ཐུགས་སྣང་ཆེན་པོ་གནང་ཡོད་པ་བཅས།།