༢༠༡༢ ཟླ་ ༩ ཚེས་ ༢༦ རེས་གཟའ་ལྷག་པ།
༈ ལྡི་ལི་དབུས་ཤེས་རིག་དཔར་ཁང་ལ་ཆོད་གན་ཐོག་ལོ་གསུམ་རིང་དྲུང་ཆེ་དགོས་ངེས་འདུག་པར་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ འགྱངས་མེད་འཚང་སྙན་འབུལ་དགོས། སོ་སོའི་ལག་འཁྱེར་གྱི་ངོ་བཤུས་དང་མཉམ་དུ་འཚང་སྙན་ནང་ཁ་བྱང༌། ཞལ་པར་ཨང༌། དྲ་ཨང་བཅས་ཁ་གསལ་བཀོད་དེ་འགན་འཛིན་གྱི་མིང་ཐོག་གཤམ་གསལ་ཁ་བྱང་དང་དྲ་འཛིན་བརྒྱུད་དུས་ཐོག་གཏོང་གནང་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་འབུལ་རྣམས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས། དབྱིན་བོད་གཉིས་ཀྱི་འབྲི་རྒྱུགས་དང་ངག་རྒྱུགས་ལམ་ནས་གདམ་རྒྱུ་ཡིན། འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་འཚང་སྙན་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན། རྒྱུགས་སྤྲོད་སྐབས་ཀྱི་འགྲོ་གྲོན་རྣམས་དོ་བདག་རང་ཉིད་ནས་གཏོང་དགོས་རྒྱུ། ཤེས་དཔར་སྒྲིག་གསལ་བཞིན་ཟླ་རེའི་གསོལ་ཕོགས་ཕྱོགས་བསྡོམས་སྒོར། ༡༢༨༩༩།༠༠ དང་ལས་ཤག་གོ་སྒྲིག་ཡོད། དེ་བཞིན་ཕན་ཚུན་གཉིས་མོས་ཀྱི་ཆོད་གན་སྒྲིག་གསལ་ལྟར་ཐོབ་རྒྱུ།
ཀ༽ དགོས་ངེས་ཆ་རྐྱེན།
༡༽ ཕྱི་ལོ་ ༢༠༡༡།༡༢།༣༡ བར་དྭངས་བླངས་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༢༽ རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༣༽ རང་ལོ་ ༢༨ ནས་ ༥༠ མ་བརྒལ་བ་དགོས་རྒྱུ།
༤༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
ཁ༽ ལག་འཁྱེར་དགོས་རིགས།
༡༽ གཙུག་ལག་རམ་འབྱམས་པ། MBA/MA/M.COM/M.SC/MCA ལེགས་པར་ཐོན་པའི་ལག་འཁྱེར་ཡོད་པ།
༢༽ ཉུང་མཐར་ལོ་གསུམ་རིང་འཛིན་སྐྱོང་གི་ཉམས་མྱོང་ཡོད་པའི་ལག་འཁྱེར།
༣༽ བོད་དབྱིན་གཉིས་ཐོག་ཀམ་པུ་ཊར་ཤེས་རྒྱ་ཡོད་པ།
༤༽ ཚོང་འབྲེལ་གྱི་ལག་འཁྱེར་ཡོད་ན་དམིགས་བསལ་འབུལ་རྒྱུ་ཡིན།
༥༽ ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོ་སྦྱོར་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་ཡང་ན་ས་གནས་འགན་འཛིན་གང་རུང་གི་དག་མཆན་ངེས་པར་འཁོད་དགོས་པ་བཅས་ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༡ ལ།།
The Director
Tibetan Cultural & Religious Publication Centre
R- 28 & 27, Ramesh Park, Laxmi Nagar
Delhi- 110092
Tele Fax:- 011-22455634 & 011-22453672 (O) 011-22013260(R)
E-mail- [email protected] & [email protected]